འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།"བརྒྱ་ཁ་གཅིག་གཅོད"ནི་སྲིད་འཛིན་ལེ་ལོ་ཡིན་ཡང་སྲིད།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་14ཉིན། 14:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཁོར་ཡུག་བཅོས་སྒྲིག་གི་ཁྲོད་དུ། ས་ཁུལ་ཁ་ཤས་ཀྱིས་སྒོ་ཟོག་དང་ཁྱིམ་བྱ་གསོ་སྤེལ་ར་བ་རུ་གསོ་སྤེལ་བྱ་རྒྱུ་འགོག་པ་དང་། སྒོ་རྒྱག་པ། བཤིག་པ་སོགས་ཀྱི་ཐབས་ཤེས་སྤྱད་ནས། ལས་ཀ་སྟབས་བདེ་ཅན་དང་ཐ་ན་བཅོས་སྒྲིག་རྒྱ་བསྐྱེད་པའི་སྣང་ཚུང་བྱུང་ཡོད། བྱེད་ཐབས་འདིའི་རིགས་ལ་འབྲེལ་ཡོད་སྡེ་ཁག་གི་དོ་སྣང་ཆེན་པོ་བྱུང་སྟེ་ད་ལྟར་ཡོ་བསྲང་བྱེད་མུས་རེད།
         སྒོ་ཟོག་དང་ཁྱིམ་བྱ་གསོ་སྤེལ་གྱིས་ཁོར་ཡུག་སྦགས་བཙོག་བྱེད་སྲིད་པའི་ངེས་པ་མེད། སྒོ་ཟོག་དང་ཁྱིམ་བྱའི་ལུད་དང་གད་སྙིགས་ཀྱང་འཇོག་ས་ནོར་བའི་ཐོན་ཁུངས་ཡིན་ཏེ། དེས་ནུས་ཁུངས་ཅན་དང་ཐོན་ཁུངས་ཅན་མངོན་འགྱུར་བྱུང་ཐུབ་པ་དང་། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའང་རྙེད་ཐུབ། གལ་ཏེ་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲི་བདའ་འདེད་ཀྱི་ཉེན་ཁ་ལས་གཡོལ་བསམ་ནས། མཐའ་གཅིག་ཏུ་སྒོ་བརྒྱབ་པ་ནི་སྲིད་ཇུས་ཁོང་དུ་ལེགས་པོར་ཆུད་མེད་པ་དང་། ལག་བསྟར་སྟབས་བདེ་བྱས་པ་ངོ་མ་ཡིན་པ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་དགོངས་གཞི་ལའང་འགལ་ཡོད་པ་རེད།
         ཁོར་ཡུག་བཅོས་སྒྲིག་གཅིག་པུ་མ་ཡིན་པར། ལུགས་སྲོལ་གོམས་གཤིས་བརྗེ་བ་དང་ལས་རིགས་སྙོམས་སྒྲིག་ཚོད་འཛིན། ཉམས་མྱོང་སྤེལ་བ་སོགས་ཀྱི་ཁྱབ་ཁོངས་སུའང་། དོན་དངོས་ལ་མི་གཞིགས་པར་ལས་སླ་མོས་"བརྒྱ་ཁ་གཅིག་གཅོད་"བྱེད་པ་ནི་སྲིད་ཇུས་ལག་ལེན་བསྟར་བ་དེ་ཐོག་ལྟར་དྲག་ལ་རླུང་ལྟར་མྱུར་བ་ལྟ་བུར་སྣང་མོད། དོན་དངོས་སུ་རང་ཉིད་ཀྱི་སྟབས་བདེ་ཁོ་ན་ལ་གཞིགས་པ་ལས། མང་ཚོགས་ལ་སྟབས་བདེའམ་མི་བདེ་ལ་བསམ་བློ་བཏང་མེད་པ་རེད། དངོས་ཡོད་དང་འགལ་བའི"བརྒྱ་ཁ་གཅིག་གཅོད་"མི་འབྱུང་ཆེད། མེ་ཏོག་འཚེམ་པ་ལྟ་བུའི་ནུས་པ་མང་ཏུ་བཏོན་ཏེ། འཕྲལ་ཕན་འཕྲལ་གཉེར་གྱི་བསམ་བློ་ཁྱད་གསོད་བྱེད་དགོས་ཤིང་། བྱ་བ་ལས་སླ་མོར་སྒྲུབ་པའི་སྲིད་འཛིན་ལེ་ལོ་བྱེད་པ་དང་རིང་དུ་གྱེས་དགོས་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།