འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་རླངས་འཁོར་རུ་ཁག་གིས་འཇའ་མན་གྱི་སློབ་ཆེན་སློབ་མའི་མཉམ་བྱའི་རླངས་
    འཁོར་འགྲན་བསྡུར་ལ་ཞུགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་14ཉིན། 13:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཀྲུང་གོའི་རླངས་འཁོར་རུ་ཁག་གིས་འཇའ་མན་གྱི་སློབ་ཆེན་སློབ་མའི་མཉམ་བྱའི་རླངས་
འཁོར་འགྲན་བསྡུར་ལ་ཞུགས་པ།
         མི་དམངས་དྲ་བའི་འཕྲིན། ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོར་ཁྱོན་བསྡོམས་རྒྱལ་ཁབ་དང་ས་ཁུལ་25ནས་ཡོང་བའི་རླངས་འཁོར་རུ་ཁག་118འགྲན་བསྡུར་ནང་ཞུགས་ཡོད་ཅིང་། དེ་དག་ནང་སྣུམ་སྤྱོད་རླངས་འཁོར་དང་། གློག་ཤུགས་རླངས་འཁོར། མི་མེད་རླངས་འཁོར་བཅས་ཀྱི་རུ་ཁག་ཡོད་པ་རེད། ཀྲུང་གོའི་ཧུའུ་པེ་རླངས་འཁོར་བཟོ་ལས་སློབ་གླིང་གི་ཤར་རླུང་HUATརྟགས་ཅན་གྱི་རླངས་འཁོར་འགྲན་བསྡུར་རུ་ཁག་གིས་སྣུམ་སྤྱོད་རླངས་འཁོར་དང་གློག་ཤུགས་རླངས་འཁོར་གྱི་འགྲན་བསྡུར་ནང་ཞུགས་པ་དང་། ཧུའུ་ནན་སློབ་ཆེན་གྱི་རིག་ནུས་མྱུར་འགྲན་རླངས་འཁོར་རུ་ཁག་གིས་སྣུམ་སྤྱོད་རླངས་འཁོར་འགྲན་བསྡུར་ནང་ཞུགས་པ་རེད། འགྲན་སྡུར་གྱི་སྒྲིག་ལམ་ལ་གཞིགས་ན། འགྲན་ཞུགས་རླངས་འཁོར་རུ་ཁག་གིས་གཏན་འབེབས་ཀྱི་དུས་ཚོད་ནང་མཉམ་བྱའི་རླངས་འཁོར་ཞིག་བཟོ་ཐུབ་དགོས་པ་དང་། རིགས་གཅིག་མཁས་པའི་ཚོགས་ཆུང་གི་ཚད་ལེན་ཚོད་ལྟ་ཁག་ཐོབ་རྫེས། གཞི་ནས་འགྲན་བསྡུར་ནང་ཞུགས་ཆོག་ཅིང་། མྱུར་ཚད་འགྲན་བསྡུར་ལས་གཞན་ད་དུང། རླངས་འཁོར་བཟོ་བའི་གོ་རིམ་དང་། འགྲན་ལམ་ཐོག་གི་མངོན་ཚུལ། རླངས་འཁོར་གྱི་ནོར་དོན། དེ་བཞིན་བྲིན་ཚོང་གི་འདྲ་དཔེ་སོགས་ཀྱང་དཔྱད་གཞིར་འཛིན་ནས་ཆེས་མཐའ་མའི་གྲུབ་འབྲས་ནང་འཇུག་གི་ཡོད་པ་རེད།    
         འགྲན་བསྡུར་སྐབས་། ཀྲུང་གོའི་རླངས་འཁོར་རུ་ཁག་གཉིས་ལ་ཚད་ལེན་ཚོད་ལྟ་ནན་པོ་བྱས་རྗེས། འགྲན་བསྡུར་གྱི་ལམ་དུ་ཞུགས་ནས་། དྲང་ཐིག་ཐོག་གི་རླངས་འཁོར་མྱུར་ཚད་འགྲན་བསྡུར་དང་། 8དབྱིབས་ཀྱི་སྐོར་ལམ་དང་། མྱུར་བགྲོད་བཀག་བྱ་གཡོལ་བ་སོགས་ནང་ཞུགས་ནས་འགྲན་བསྡུར་བྱས་ཡོད་པ་རེད། དེ་ནི་ཀྲུང་གོའི་ཧུའུ་ནན་སློབ་ཆེན་གྱི་རིག་ནུས་མྱུར་འགྲན་རླངས་འཁོར་རུ་ཁག་གི་སྣུམ་སྤྱོད་རླངས་འཁོར་གྱིས་ཐེག་ཤུགས་འགྲན་བསྡུར་གྱི་རྣམ་གྲངས་ནང་ཞུགས་པ། 
    ༄༅།།ཀྲུང་གོའི་རླངས་འཁོར་རུ་ཁག་གིས་འཇའ་མན་གྱི་སློབ་ཆེན་སློབ་མའི་མཉམ་བྱའི་རླངས་
འཁོར་འགྲན་བསྡུར་ལ་ཞུགས་པ།
    ༄༅།།ཀྲུང་གོའི་རླངས་འཁོར་རུ་ཁག་གིས་འཇའ་མན་གྱི་སློབ་ཆེན་སློབ་མའི་མཉམ་བྱའི་རླངས་
འཁོར་འགྲན་བསྡུར་ལ་ཞུགས་པ།
      

    ཕྱོགས་བསྡུས་གསར་འགྱུར།