འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་མང་ཚོགས་ཀྱིས་གླིང་ག་བཏང་ནས་དབྱར་དུས་ཀྱི་དྭངས་བསིལ་ལོངས་སུ་སྤྱོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་14ཉིན། 13:17】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།བོད་ལྗོངས་ཀྱི་མང་ཚོགས་ཀྱིས་གླིང་ག་བཏང་ནས་དབྱར་དུས་ཀྱི་དྭངས་བསིལ་ལོངས་སུ་སྤྱོད་པ།
             མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀྲུང་གོར་ཚ་བ་ཆེ་བའི་གནམ་གཤིས་བསྟན་ནས་ཟླ་ཕྱེད་ལྷག་རྒྱུན་མཐུད་བྱས་པ་དང་ས་གནས་མང་པོའི་དྲོད་ཚད་མཐོ་ཤོས་སུ་སླེབས་ཡོད་པ་རེད། ཡིན་ནའང་ཀྲུང་གོའི་བོད་ལྗོངས་སུ་སྔར་བཞིན་དྭངས་བསིལ་དང་ལྡན་བཞིན། ཟླ་བརྒྱད་པར་དྲོད་ཚད་ཏུའུ་22ཡས་མས་སུ་གནས་ཡོད། “གླིང་ག་གཏོང་བ”ནི་བོད་ལྗོངས་དམངས་ཚོགས་ཀྱི་གོམས་སྲོལ་དུ་ཆགས་པའི་སྤྲོ་གསེང་རོལ་རྩེད་ཀྱི་བྱེད་སྒོ་ཞིག་ཡིན། གླིང་ག་གཏོང་བའི་ཉིན་དེར་ཁྱིམ་མི་རྒན་གཞོན་ཚང་མས་གྲ་སྒྲིག་ཞིབ་ཚགས་བྱས་པའི་ཇ་བསྲུབས་མ་དང་། ཤ་སྐམ་པོ།  ཤིང་ཏོག་ལ་སོགས་འཁྱེར་ཏེ་ཟ་འཐུང་དང་རོལ་རྩེད་ལ་རོལ་ནས་གླུ་ལེན་གར་འཁྲབ་བྱས་ཏེ་དྭངས་བསིལ་གྱི་གནམ་གཤིས་ལོངས་སུ་སྤྱོད་ཀྱི་ཡོད་པ་རེད། གླིང་ག་གཏོང་བའི་བྱེད་སྒོ་དེ་ལོ་རེའི་ཟླ་ལྔ་པའི་ཟླ་འགོ་ནས་འགོ་ཚུགས་པ་དང་ཞོ་སྟོན་སྐབས་སུ་མང་ཤོས་སུ་འགྱུར་གྱི་ཡོད།
    ༄༅།།བོད་ལྗོངས་ཀྱི་མང་ཚོགས་ཀྱིས་གླིང་ག་བཏང་ནས་དབྱར་དུས་ཀྱི་དྭངས་བསིལ་ལོངས་སུ་སྤྱོད་པ།
    ༄༅།།བོད་ལྗོངས་ཀྱི་མང་ཚོགས་ཀྱིས་གླིང་ག་བཏང་ནས་དབྱར་དུས་ཀྱི་དྭངས་བསིལ་ལོངས་སུ་སྤྱོད་པ།
      

    ཕྱོགས་བསྡུས་གསར་འགྱུར།