འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།སྡེ་ཚན་ལྔ་ཡིས་2018ལོར་ཁེ་ལས་ཀྱི་འདེགས་ཤིང་ཚད་གཞི་དམའ་རུ་གཏོང་བའི་ལས་
    ཀའི་གཙོ་གནད་ཁག་27གཏན་འཁེལ་ཁ་གསལ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་10ཉིན། 11:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་8ཉིན། གསར་འགོད་པར་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། ཉེན་ཁ་གལ་ཆེན་སྔོན་འགོག་དང་སེལ་བའི་འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱབ་ནས་སྤྱི་ཁོག་འདེགས་ཤིང་ཚད་གཞིར་ཚོད་འཛིན་ནུས་ལྡན་ཐུབ་པ་བྱ་ཆེད། ཉིན་ཤས་གོང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། མི་དམངས་དངུལ་ཁང་། ནོར་སྲིད་པུའུ། དངུལ་ཁང་འགན་བཅོལ་ལྟ་སྐུལ་ཨུ་ལྷན། རྒྱལ་ཁབ་གཞུང་རྒྱུ་ཨུ་ལྷན་བཅས་ཀྱིས་མཉམ་འབྲེལ་ཐོག《2018ལོར་ཁེ་ལས་ཀྱི་འདེགས་ཤིང་ཚད་གཞི་དམའ་རུ་གཏོང་བའི་ལས་ཀའི་གཙོ་གནད(གཤམ་ལ་《གཙོ་གནད་》ཅེས་བསྡུ་རྒྱུ》)པར་འགྲེམས་བྱས་ནས་འདི་ལོ་ལས་ཀའི་གཙོ་གནད་ཁག་27ལ་དམིགས་ནས་ཁེ་ལས་ཀྱི་འདེགས་ཤིང་ཚད་གཞི་དམའ་རུ་གཏོང་བའི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་རེད།
         《གཙོ་གནད་》གཞིར་བཟུང་། གཅིག་ནས་འདི་ལོ་ཁེ་ལས་ཀྱི་བུ་ལོན་ཉེན་ཁའི་སྔོན་འགོག་ཚོད་འཛིན་གྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་ཡིན་ཞིང་། ལས་རིགས་དང་ས་ཁུལ་དབྱེ་ནས་དུས་བཀག་ལྟར་ཁེ་ལས་ཀྱི་འདེགས་ཤིང་ཚད་གཞི་དང་བུ་ལོན་གྱི་ཉེན་ཁར་སྒུལ་རྣམ་ལྟ་ཞིབ་ཚད་ལེན་བྱས་ཏེ་བུ་ལོན་ཟུག་ཚད་མཐོ་བ་དང་ཉེན་ཁ་ཆེ་བའི་ཁེ་ལས་ལ་ཡིག་ཚགས་བཟོས་ནས་ལྟ་སྐུལ་ཚོད་འཛིན་བྱ་རྒྱུ་རེད།
         གཉིས་ནས་ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་བུ་ལོན་མ་རྐང་ལ་འགྱུར་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་ཡིན་ཞིང་། ལག་བསྟར་སྒྲིག་གཞིའི་མ་རྩ་མཉམ་བསྡུའི་ཐབས་ལམ་རྒྱ་ཆེར་ཧུར་ཐག་བཏང་ནས་དངུལ་རྩའི་སྒྲིག་གཞིར་ཆེད་དོན་གྱི་སྒེར་གྱི་རྒྱུ་ནོར་དོ་དམ་ཐོན་རྫས་འགྲེམས་སྤེལ་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ་དང་སྒེར་གྱིས་ཞལ་འདེབས་བརྒྱབ་པའི་རྐང་དབང་མ་འཇོག་ཐེབས་རྩའི་ཞལ་འདེབས་མ་དངུལ་བཏང་སྟེ་ཁྲོམ་ར་ཅན་གྱི་བུ་ལོན་མ་རྐང་ལ་འགྱུར་བ་བྱས་ནས་ཆ་རྐྱེན་དང་འཚམ་པའི་དངུལ་རྩའི་རིགས་ཀྱི་ལག་བསྟར་སྒྲིག་གཞིར་དངུལ་རྩའི་བུན་འཛིན་འགྲེམས་སྤེལ་བྱས་ནས་མ་དངུལ་གསོག་འཇོག་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་རེད།
         གསུམ་ནས“འཕེལ་མེད་ཁེ་ལས”ཀྱི་བུ་ལོན་ཐག་གཅོད་ལ་སྐུལ་འདེད་མགྱོགས་པོ་གཏོང་རྒྱུ་ཡིན་ཞིང་། 《གཙོ་གནད》ནང་ད་དུང་ཟླ་སྒྲིལ་དང་བསྐྱར་འཛུགས་སོགས་ཀྱི་འདེགས་ཤིང་དམའ་རུ་གཏོང་བའི་བྱེད་ཐབས་གཞན་དག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་དགོས། ཁེ་ལས་ཟླ་སྒྲིལ་བསྐྱར་འཛུགས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ཐོན་ལས་བསྡུ་སྒྲིལ་བྱས་པ་ལས་བྱུང་བའི་མཉམ་ཉོ་བསྐྱར་འཛུགས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། དེ་དང་ཆབས་ཅིག“དངོས་ཡོད་ཕྱིར་ཚོང་དང་མ་རྩ་བརྡིབས་ནས་ལོགས་སུ་འཇོག་པའི”རྩ་དོན་ལ་གཞིགས་ནས་ཡིད་རྟོན་དངུལ་བུན་དང་ཁེ་ལས་ཀྱི་མ་རྩའི་འཛིན་ལོར་ཅན་གྱི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་དགོས། རྐང་འཛིན་འགྲེམས་སྤེལ་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་བརྟན་པོ་བཏང་ནས་ལས་གཏོད་ལེབ་མོ་དང་ལེབ་གསུམ་གསར་པའི་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་ཉོ་ཚོང་སུའོ་ཡི་བུན་འཛིན་ཁྲོམ་ར་སོགས་ཀྱི་བྱ་ཐབས་བརྒྱུད་རྐང་དབང་གི་མ་རྩ་མཉམ་བསྡུ་འཕེལ་རྒྱས་ཧུར་ཐག་གཏོང་དགོས་ཞེས་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།