འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་གློག་རྡུལ་ཚོང་དོན་ཁྱབ་ཁོངས་ཀྱི་ཤེས་བྱའི་བདག་དབང་སྲུང་སྐྱོང་གི་ཆེད་
    དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་10ཉིན། 11:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ཀྱིས་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་བཅས་ཀྱི་ཤེས་བྱའི་བདག་དབང་ཅུས་ལ་ཟླ་བརྒྱད་པ་ནས་བཟུང་ཟླ་བ་བཞིའི་རིང་གློག་རྡུལ་ཚོང་དོན་ཁྱབ་ཁོངས་སུ་ཆེད་དོན་བཅོས་སྒྲིག་བྱ་རྒྱུ་ཡིན་ཞེས་བརྡ་ཐོ་བཏང་བ་རེད།
         དེ་ལྟར་བྱེད་དོན་ནི་ཤེས་བྱའི་བདག་དབང་གི་དབང་གནོད་དང་རྫུན་བཟོར་རྡུང་རྡེག་གཏོང་བའི་ཤུགས་དང་ཆུ་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་བཏང་སྟེ་ཕིང་ཏུའོ་ཏུའོ་སོགས་ཟོག་ཉོའི་ལས་སྟེགས་ཀྱི་དབང་གནོད་དང་རྫུན་བཟོའི་གནད་དོན་ཐག་གཅོད་ཏན་ཏིག་བྱ་ཆེད་རེད།
         བརྡ་ཐོའི་ནང་བླང་བྱ་བཏོན་དོན། ཚོང་ཟོག་ཉོ་ཚོང་བྱེད་ཚད་མང་བ་དང་སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་ཚད་མཐོ་བའི་གློག་རྡུལ་ཚོང་དོན་གྱི་ཁྱབ་ཁོངས་ལ་དམིགས་ནས་ཤེས་བྱའི་བདག་དབང་སྲུང་སྐྱོང་གི་ཆེད་དོན་བཅོས་སྒྲིག་གི་ལས་དོན་གཏིང་ཟབ་སྤེལ་དགོས། ཧྲང་ཧའེ་དང་། ཀྲེ་ཅང་། པེ་ཅིང་། ཀོང་ཏུང་། ཅང་སུའུ་སོགས་ས་གནས་ཀྱིས་ཁྲིམས་འཛིན་དབང་སྲུང་གི་མཉམ་ལས་བཀོད་གཏོང་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། དྲ་ཐོག་གི་ཤེས་བྱའི་བདག་དབང་གི་དབང་གནོད་དང་རྫུན་བཟོའི་བྱེད་སྤྱོད་ལ་རྡུང་རྡེག་གཏོང་ཤུགས་ཆེ་རུ་གཏོང་བ་དང་། དྲ་སྦྲེལ་གྱི་སྒེར་གཉེར་དང་། གཞན་གཉེར། སྒུལ་བདེའི་དུད་སྣེ་ནས་ཉོ་ཚོང་སོགས་རྣམ་པ་མི་འདྲ་བའི་དྲ་རྒྱའི་ཉོ་ཚོང་ལས་སྟེགས་ཀྱི་ཆ་འཕྲིན་ཅན་གྱི་བཅོས་སྐྱོང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ལས་སྟེགས་ཀྱིས་རང་བཤེར་ལས་དོན་སྤེལ་རྒྱུར་ཁྲིད་སྟོན་བྱེད་པ་བཅས་བྱས་ཏེ“དྲ་སྦྲེལ+”ལ་བརྟེན་ནས་ཤེས་བྱའི་བདག་དབང་གི་དབང་གནོད་དང་རྫུན་བཟོའི་ཐེར་འདོན་དང་ཞུ་གཏུག་ཐག་གཅོད་ཡག་པོ་བྱ་དགོས།
         ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་ཁབ་ཤེས་བྱའི་བདག་དབྱང་ཅུས་ཀྱིས་གཙོ་གནད་ཁུལ་གྱི་གློག་རྡུལ་ཚོང་དོན་ཁྱབ་ཁོངས་ཀྱི་ཤེས་བྱའི་བདག་དབང་སྲུང་སྐྱོང་གི་ཆེད་དོན་བཅོས་སྒྲིག་གནས་ཚུལ་ལ་ཟུར་བཤེར་བྱས་ནས་མངོན་གསལ་དོད་པའི་གནད་དོན་སྤྱི་ཚོགས་ཐོག་ཡོངས་བསྒྲགས་བྱ་རྒྱུ་རེད། ས་གནས་ཁག་གི་ཆེད་དོན་བཅོས་སྒྲིག་ལས་ཀའི་གནས་ཚུལ་ལོ་འཁོར་གྱི་ཁྲིམས་འཛིན་དབང་སྲུང་གི་ལས་རྗེས་དཔྱད་ཞིབ་ཀྱི་དམིགས་ཚད་ནང་འཇུག་རྒྱུ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།