འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སུ་དམངས་ཡོངས་ལུས་སྦྱོང་གི་ཚ་རླབས་ཤིག་འཕྱུར་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་10ཉིན། 10:45】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་8ཉིན་ནི“དམངས་ཡོངས་ཀྱི་ལུས་སྦྱོང་ཉིན་མོ”ཡིན་ཞིང་། ཞོགས་པ་ལྷ་སའི་རྫོང་རྒྱབ་ཀླུ་ཁང་དུ་མཁའ་རླུང་གཙང་ལ་སྔོ་ལྗང་ལྗོན་ཤིང་གིས་བརྒྱན་ནས་ཡོད། རུ་སྣེ་འཁྲིད་མཁན་ཚེ་རིང་གིས་ཞོགས་སྦྱོང་ལ་ཞུགས་མཁན་མང་ཚོགས་ཀྱི་སྣེ་ཁྲིད་དེ་སྙན་འཇེབས་ལྡན་པའི་རོལ་དབྱངས་ཀྱི་འགྱུར་ཁུག་དང་བསྟུན་ནས་ལུས་སྦྱོང་བྱེད་བཞིན་འདུག ཉིན་དགུང་མཚམས་སུ་འཁྲབ་སྟོན་ལ་ལྟ་མཁན་དང་དེ་བཞིན་སྦྱོང་བརྡར་བྱེད་མཁན་རིམ་གྱིས་མང་དུ་ཕྱིན་ཏེ་དམངས་ཡོངས་ལུས་སྦྱོང་གི་རྣམ་པ་སྔར་བས་ཟབ་ཏུ་ཕྱིན་ཡོད།
           འདི་ལོ་ནི་རྒྱལ་ཁབ་ཀྱིས“དམངས་ཡོངས་ཀྱི་ལུས་སྦྱོང་ཉིན་མོ”བཙུགས་ནས་ལོ་བཅུ་འཁོར་བའི་ལོ་ཞིག་ཡིན། ལོ་བཅུའི་རིང་བོད་རང་སྐྱོང་ལྗོངས་ཀྱིས་ལོ་ལྔ་རེར་དུས་འཁོར་རེ་ཡིན་པའི་དམངས་ཡོངས་ཀྱི་ལུས་སྦྱོང་ལག་བསྟར་འཆར་གཞི་གཉིས་བཏོན་ཏེ། བྱ་ཐབས་སྣ་མང་གི་ཐོག་ནས་དམངས་ཡོངས་ཀྱི་ལུས་སྦྱོང་གི་སྤྱི་པའི་ཞབས་ཞུའི་མ་ལག་གཏོད་རྒྱུར་སྐུལ་འདེད་བཏང་བ་རེད། “རྫོང་རྒྱབ་ཀླུ་ཁང་གི་ཞོགས་སྦྱོང་ས་ཚིགས་བཙུགས་ནས་ལོ་20ལྷག་ཙམ་སོང་རིང་རྒན་དར་མང་པོ་ཞིག་གིས་གཟུགས་གཞི་བདེ་ཐང་ཡོང་ཆེད། ཞོགས་སྦྱོང་མཐའ་འཁྱོངས་བྱས་ཡོད” “ལོ་འདི་དག་རིང་རྒན་ཡོལ་ཞུས་པའི་རྒན་རྒོན་ཚོས་ཐའེ་ཅི་དྲག་རྩལ་སྦྱོང་བ་དང་སྒོར་གཞས་འཁྲབ་པ་སོགས་ཀྱི་ལུས་སྦྱོང་བརྒྱུད་གཟུགས་པོ་ཐང་རུ་དང་། སེམས་ཁམས་ཡང་རུ། གཞོན་བཟོ་དོད་དུ་བཅས་ཕྱིན་ནས་སྤྱི་ཚོགས་དང་། ཁྱིམ་ཚང་། མི་སྒེར་བཅས་ལ་ལེགས་སྐྱེས་འབུལ་བཞིན་ཡོད”ཅེས་ཚེ་རིང་གིས་བཤད།
           ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ལུས་རྩལ་ཁོངས་གཏོགས་ཀྱིས“དམངས་ཡོངས་ཀྱི་ལུས་སྦྱོང་ཉིན་མོའི”ལྗོངས་ཡོངས་ཀྱི་མཉམ་འགུལ་ལམ་སྲོལ་གཙོ་གནད་ཐོག་བཏོད་པ་དང་ས་ཁུལ་དང་གྲོང་ཁྱེར་ཁག་གི་ཁྱད་ཆོས་གཞིར་བཟུང་། དམངས་ཡོངས་ཀྱི་ལུས་སྦྱོང་ཉིན་མོ་དང་། དམངས་ཡོངས་ཀྱི་ལུས་སྦྱོང་ལུས་རྩལ་འགྲན་ཚོགས། རྒན་རྒོན་གྱི་ལུས་སྦྱོང་བྱེད་སྒོ་སོགས་རྣམ་པ་འདྲ་མིན་སྣ་ཚོགས་དང་རྒན་དར་གཞོན་གསུམ་ཚང་མར་འཚམ་པའི་དམངས་ཡོངས་ཀྱི་ལུས་སྦྱོང་གི་སྤུས་རྟགས་བྱེད་སྒོ་སྤེལ་བ་རེད།
             “རླུང་སྒོམ་ལུས་རྩལ་ནི་འདི་ལོ་གསར་དུ་བཅུག་པའི་དམངས་ཡོངས་ཀྱི་ལུས་སྦྱོང་རྣམ་གྲངས་ཤིག་ཡིན་པ་དང་། རྒན་དར་གཞོན་གསུམ་ཚང་མས་སྦྱོང་རྒྱུར་འཚམ་པོ་ཡོད། གལ་སྲིད་ཕན་འབྲས་ཆེན་པོ་ཡོད་ཚེ་སླད་ཕྱིན་སྐོར་སྐྱོད་སློབ་ཁྲིད་དང་ཚན་རིག་ཁྱབ་གདལ་གྱི་འཆད་ཁྲིད་དང་འགྲན་བསྡུར་སོགས་བྱ་རྒྱུ་རེད”ཅེས་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་མང་ཚོགས་ལུས་རྩལ་ཁྲུའུ་ཡི་ཀྲུའུ་རེན་ཁོའོ་ཡོན་བསོད་ནམས་དོན་གྲུབ་ཀྱིས་གསར་འགོད་པར་བཤད།
            བོད་ལྗོངས་ནག་ཆུ་གྲོང་ཁྱེར་ནས་ཡིན་པའི་ལོ་55ལ་སླེབས་པའི་རྣམ་སྒྲོན་2015ལོར་རྒན་ཡོལ་ཞུས་རྗེས་ལྷ་སར་འཚོ་བ་སྐྱེལ་འགོ་ཚུགས་པ་དང་། དེ་ནས་བཟུང་ཞོགས་སྦྱོང་རྩེད་པར་ཡོང་གི་ཡོད། ལོ་གསུམ་རིང་ཁོང་གིས་ཐའེ་ཅི་དྲག་རྩལ་སྙིང་རུས་གཏན་འཁྱོངས་ཀྱིས་སྦྱངས་པས་ད་ཆ་ཞོགས་སྦྱོང་དཔུང་ཁག་ཁྲོད་ཀྱི་རུ་སྣེ་ཁྲིད་མཁན་གྲས་སུ་གྱུར་ཡོད། “ངའི་ཉེ་འགྲམ་གྱི་རྒན་ཡོལ་ཞུ་མཁན་བློ་མཐུན་མང་པོ་ཞིག་ནི་དེ་སྔ་ས་བབ་མཐོ་བའི་ས་ཁུལ་དུ་ལས་ཀ་བྱེད་མཁན་རེད། ལས་རོགས་མང་ཆེ་བར་ས་མཐོའི་རང་བཞིན་གྱི་ནད་གཞི་ཚབས་ཆེ་ཆུང་འདྲ་མིན་ཕོག་ཡོད། ཞོགས་སྦྱོང་ལོ་ཤས་བྱས་པ་བརྒྱུད་མི་མང་པོ་ཞིག་གི་ནད་གཞི་དྲག་ཏུ་སོང་བ་དང་ཁག་གཅིག་རྦད་དེ་དྲག་སྐྱེད་བྱུང་ཡོད”ཅེས་རྣམ་སྒྲོན་གྱིས་བཤད།
            བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱི་གྲངས་གཞི་ལས་མངོན་པར་གཞིགས་ན། བོད་ལྗོངས་ཡོངས་སུ་དམངས་ཡོངས་ཀྱི་ལུས་སྦྱོང་ས་ཚིགས་86ཡོད་པ་དང་། 2020ལོར་སླེབས་སྐབས་ལྗོངས་ཡོངས་ཀྱི་རྫོང(ཆུས)རིམ་པར་དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོའི་ལྟེ་གནས་ཁྱབ་པ་དང་སྲིད་འཛིན་གྲོང་ཚོ་ཚང་མར་ཞིང་འབྲོག་པའི་ལུས་སྦྱོང་འདུ་འགོད་ཁྱབ་པར་བྱས་ཏེ་མི་རེའི་ཆ་སྙོམས་ལུས་སྦྱོང་ར་བའི་རྒྱ་ཁྱོན་སྨི་ངོས་གྲུ་1.8ཟིན་པ་བྱ་རྒྱུ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།