འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཀུའེ་ཀྲོའུ་ཡི་ཕང་ཀྲོའུ་ཙི་མུའུ་ཀ་རྡོ་སོལ་གཏེར་ཁུལ་གྱི་དོན་རྐྱེན་ཁྲོད་མི་13རྐྱེན་ལམ་དུ་
    ཤོར་བ་དང་ཡུལ་དངོས་ཀྱི་སྐྱོབ་རོགས་ལས་ཀ་གཞི་རྩའི་ཆ་ནས་མཇུག་འགྲིལ་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་09ཉིན། 13:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཀུའེ་ཀྲོའུ་ཡི་ཕང་ཀྲོའུ་ཙི་མུའུ་ཀ་རྡོ་སོལ་གཏེར་ཁུལ་གྱི་དོན་རྐྱེན་ཁྲོད་མི་13རྐྱེན་ལམ་དུ་
ཤོར་བ་དང་ཡུལ་དངོས་ཀྱི་སྐྱོབ་རོགས་ལས་ཀ་གཞི་རྩའི་ཆ་ནས་མཇུག་འགྲིལ་བ།
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་8ཉིན་གྱི་ཆུ་ཚོད་23ཙམ་ལ། ཀུའེ་ཀྲོའུ་ཞིང་ཆེན་ཕང་ཀྲོའུ་གྲོང་ཁྱེར་ཧྲི་ཆའོ་གྲོང་རྡལ་གྱི་ཙི་མུའུ་ཀ་རྡོ་སོལ་གཏེར་ཁུལ་གྱི་རྡོ་སོལ་དང་ཝ་སི་ཐུག་པའི་དོན་རྐྱེན་ནང་གི་གར་སོང་ཆ་མེད་དུ་གྱུར་བའི་མི་9ཚང་མ་རྙེད་མོད། འོན་ཀྱང་ཚེ་ལས་འདས་ཟིན་ཡོད་པ་དང་། དོན་རྐྱེན་བྱུང་ཡུལ་གྱི་མྱུར་སྐྱོབ་རོགས་སྐྱོབ་ལས་ཀ་གཞི་རྩའི་ཆ་ནས་མཇུག་འགྲིལ་བ་དང་། རྐྱེན་ལམ་དུ་ཤོར་བའི་མི་གྲངས་13བར་མང་དུ་ཕྱིན་ཡོད་པ་རེད།     
         ཟླ་8ཚེས་6ཉིན་གྱི་ཆུ་ཚོད་21དང་སྐར་མ་10ཡས་མས་སུ། ཙི་མུའུ་ཀ་རྡོ་སོལ་གཏེར་ཁུལ་དུ་རྡོ་སོལ་དང་ཝ་སི་ཐུག་པའི་དོན་རྐྱེན་ཐོན་པ་དང་། མི་4རྐྱེན་ལམ་དུ་ཤོར་བ་དང་མི་9གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད། དོན་རྐྱེན་ཐོན་རྗེས། ས་གནས་དེའི་འབྲེལ་ཡོད་སྡེ་ཚན་ཁག་གིས་མགྱོགས་མྱུར་ངང་མྱུར་སྐྱོབ་ལས་དོན་སྤེལ་བ་དང་། མྱུར་སྐྱོབ་མི་སྣས་ཆུ་ཚོད་50བསྟུན་མར་འབད་པ་བྱས་པ་བརྒྱུད། ཚེས་8ཉིན་གྱི་ཆུ་ཚོད་23ཙམ་ལ། གར་སོང་ཆ་མེད་དུ་གྱུར་བའི་མི་9ཚང་མ་རྙེད་ཡོད་ཀྱང་ཚེ་ལས་འདས་ཟིན་ཡོད་པ་རེད།
         
      

    ཕྱོགས་བསྡུས་གསར་འགྱུར།