འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཧིན་རྡུ་ཉི་ཞི་ཡའི་ལུང་མུའུ་གླིང་ཕྲན་གྱི་ས་ཡོམ་ཁྲོད་རྐྱེན་ལམ་དུ་ཤོར་མཁན་131བར་
    མང་དུ་ཕྱིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་09ཉིན། 13:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཧིན་རྡུ་ཉི་ཞི་ཡའི་ལུང་མུའུ་གླིང་ཕྲན་གྱི་ས་ཡོམ་ཁྲོད་རྐྱེན་ལམ་དུ་ཤོར་མཁན་131བར་
མང་དུ་ཕྱིན་པ།
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་8ཉིན། ཧིན་རྡུ་ཉི་ཞི་ཡའི་གནོད་འགོག་སྡེ་ཁག་གིས། ཚེས་5ཉིན་བྱུང་བའི་ལུང་མུའུ་གླིང་ཕྲན་གྱི་ས་ཡོམ་ཁྲོད་དུ་རྐྱེན་ལམ་དུ་ཤོར་བའི་མི་གྲངས་131བར་མང་དུ་ཕྱིན་ཡོད་པ་དང་། གཞན་ཡང་མི་1477ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་ཅེས་བཤད། 
        གནོད་འགོག་སྡེ་ཁག་གི་གཏམ་བཤད་པ་སུའུ་ཐའོ་པའོ་ཡིས་ཉིན་དེར་སྤེལ་བའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག ས་ཡོམ་གྱིས་ད་དུང་སྡོད་ཁང་དང་སྤྱི་པའི་ཁང་པ་ཁྲི་4ལྷག་ལ་གཏོར་བརླག་བཏང་ཡོད་པ་དང་། མང་ཚོགས་ཁྲི་15.6ལྷག་གནས་དེ་ལས་ཕྱིར་འཐེན་བྱེད་དགོས་བྱུང་བ། མྱུར་སྐྱོབ་ལས་ཀ་མུ་མཐུད་བྱེད་པ་དང་བསྟུན། རྨས་སྐྱོན་ཕོག་མཁན་དང་རྒྱུ་ནོར་ལ་གནོད་འཚེ་ཐེབས་པའི་གནས་ཚུལ་ནི་སྔོན་དཔག་བྱས་ན་སྔར་ལས་མང་དུ་འགྲོ་རྒྱུ་རེད་ཅེས་བཤད། 
         སུའུ་ཐོ་པའོ་ཡིས། རྐྱེན་ལམ་དུ་ཤོར་མཁན་131ཚང་མ་ཧིན་རྡུ་ཉི་ཞི་ཡའི་སྤྱི་དམངས་ཡིན་པ་དང་། མིག་སྔར་རྨས་སྐྱོན་ཚབས་ཆེན་ཕོག་མཁན་ཚང་མ་ས་གནས་དེ་གའི་སྨན་ཁང་དང་འཕྲོད་བསྟེན་ཁང་དུ་ནད་བཅོས་བྱེད་བཞིན་ཡོད་ཅིང་། རྨས་སྐྱོན་ཡང་མོ་ཕོག་མཁན་ཧ་ཅང་མང་བས་ཞིབ་ཕྲའི་ཁ་གྲངས་བསྡོམས་བརྩིས་བྱ་ཐབས་བྲལ་ཞེས་བཤད། 
         ས་ཡོམ་བྱུང་རྗེས་སུ། ལུང་མུའུ་གླིང་ཕྲན་ནུབ་བྱང་ཕྱོགས་ཀྱི་ཡུལ་སྐོར་འཁྲུག་ཆ་དོད་པའི་གླིང་ཕྲན་འགའ་ལའང་ཤུགས་རྐྱེན་ཐེབས་ཏེ། ཡུལ་སྐོར་བ་སྟོང་ཕྲག་གནས་དེར་ཁེགས་ཡོད། ཡིན་ནའང་། གནོད་འགོག་སྡེ་ཁག་གིས་སྤེལ་བའི་ཆ་འཕྲིན་ལ་གཞིགས་ན། ས་གནས་དེ་གའི་ཚེས་7ཉིན་གྱི་ཆུ་ཚོད་15:00བར་དུ། ཡུལ་སྐོར་བ་ཚང་མ་བདེ་བླག་ངང་ས་གནས་གཞན་དུ་སྤོས་ཟིན། 
    ༄༅།།ཧིན་རྡུ་ཉི་ཞི་ཡའི་ལུང་མུའུ་གླིང་ཕྲན་གྱི་ས་ཡོམ་ཁྲོད་རྐྱེན་ལམ་དུ་ཤོར་མཁན་131བར་
མང་དུ་ཕྱིན་པ།
    ༄༅།།ཧིན་རྡུ་ཉི་ཞི་ཡའི་ལུང་མུའུ་གླིང་ཕྲན་གྱི་ས་ཡོམ་ཁྲོད་རྐྱེན་ལམ་དུ་ཤོར་མཁན་131བར་
མང་དུ་ཕྱིན་པ།
      

    ཕྱོགས་བསྡུས་གསར་འགྱུར།