འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།གྲངས་རིག་གི་དགེ་རྒན་གྲགས་ཅན་100གདམ་གསེས་དང་རྒྱབ་སྐྱོར་བྱ་རྒྱུ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་09ཉིན། 13:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་8ཉིན། སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་གསལ། སློབ་གསོ་པུའུ་དང་ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་2018ལོའི་རྒྱལ་ཁབ་ཀྱི"མི་ཁྲིའི་འཆར་གཞི"ལས་གྲངས་རིག་གི་དགེ་རྒན་གྲགས་ཅན་འདེམས་པའི་ལས་དོན་འགོ་བཙུགས་པ་དང་། ད་ལོར་རྒྱལ་ཁབ་ཀྱི"མི་ཁྲིའི་འཆར་གཞི"ལས་དགེ་རྒན་གྲགས་ཅན100གདམ་གསེས་དང་རྒྱབ་སྐྱོར་བྱ་རྒྱུ་ཡིན།
         ཤེས་རྟོགས་བྱུང་བར་གཞིགས་ན། འདིའི་ཁྲོད་དུ། མཐོ་སློབ་དགེ་རྒན་གྱིས་60%ཙམ་འཛིན་པ་དང་། འབྲིང་རིམ་མན་གྱི་སློབ་གྲྭའི་དགེ་རྒན་གྱིས་40%ཡས་མས་འཛིན་རྒྱུ་ཡིན་ལ། མི་གཉིས་ནི་དམག་དོན་སློབ་གླིང་གི་ལས་ཐོག་ཆེད་ལས་དགེ་རྒན་ཡིན་ཞིང་། དེ་ནི་ཀྲུང་དབྱང་དམག་ཨུ་སྦྱོང་བརྡར་དོ་དམ་པུའུ་ཡི་སློབ་གླིང་ཅུས་ཀྱིས་འདེམས་འགན་འཁུར་རྒྱུ་རེད། སློབ་གྲྭ་ཆུང་འབྲིང་དང་བྱིས་སྙོར་ཁང་གི་དགེ་རྒན་འདེམ་སྒྲུག་བྱེད་པར་གྲོང་གསེབ་ཀྱི་སློབ་གྲྭ་གཙོ་བོ་བྱེད་དགོས། 
         སློབ་གསོ་པུའུ་ཡིས། འབྲེལ་ཡོད་སྡེ་ཁག་དང་སློབ་གྲྭས་འོས་སྦྱོར་མི་སྣའི་ཆབ་སྲིད་ཀྱི་ལངས་ཕྱོགས་དང་དགེ་རྒན་གྱི་ཀུན་སྤྱོད། སྤུས་ཀ་བཅས་ལ་དོ་དམ་ནན་པོ་བྱ་དགོས་ཤིང་། དགེ་རྒན་གྱི་ཀུན་སྤྱོད་ཐད་གནད་དོན་ཡོད་མཁན་ལ"འདེམས་ཤོག་གཅིག་གིས་ཕྱིར་བསྐྲོད"བྱ་རྒྱུ་དང་། འོས་སྦྱོར་གྱི་གོ་རིམ་ཁྲོད་ནན་པོ་མི་བྱེད་པ་དང་། ལས་གནས་ཀྱི་འགན་འཁྲི་ནན་ཁུར་མི་བྱེད་པའི་སློབ་གྲྭ་ལ་ལོ་རྗེས་མའི་འོས་སྦྱོར་གྱི་དབང་ཆ་མཚམས་འཇོག་རྒྱུ་ཡིན་པ་བསྟན་ཡོད། 
         རྒྱལ་ཁབ་ཀྱི"མི་ཁྲིའི་འཆར་གཞི"ནི་རྒྱལ་ནང་གི་མཐོ་རིམ་འཇོན་མི་ལ་རྒྱབ་སྐྱོར་གནད་ཆེན་པོ་བྱེད་པའི་འཆར་གཞི་ཡིན་ཞིང་། དེ་ནི་2012ལོ་ནས་ལག་བསྟར་བྱེད་འགོ་བརྩམས་པ་དང་། འཆར་གཞི་འདི་ནི་ལོ་10ཡས་མས་ལ་མུ་མཐུད་བསྒྲུབ་རྒྱུ་ཡིན་པ་དང་། གཙོ་བོ་རང་བྱུང་ཚན་རིག་དང་། བཟོ་སྐྲུན་ལག་རྩལ། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་བཅས་ཀྱི་ཁྱབ་ཁོངས་ཀྱི་འཇོན་ཐང་ཅན་དང་སྣེ་ཁྲིད་ཤེས་ལྡན་མི་སྣ། ན་གཞོན་ཤེས་ལྡན་མི་སྣ་རྩེ་གྲ་བདམས་ནས། "མི་སྟོང་གི་འཆར་གཞི"དང་ཕན་ཚུན་འབྲེལ་མཐུད་ཡོང་བའི་མཐོ་རིམ་གསར་གཏོད་ལས་སྐྲུན་གྱི་ཤེས་ལྡན་མི་སྣའི་རུ་ཁག་གི་འཛུགས་སྐྱོང་མ་ལག་གྲུབ་པར་བྱ་རྒྱུ་དེ་ཡིན། 
      

    ཕྱོགས་བསྡུས་གསར་འགྱུར།