འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ས་བབ་མཐོ་ཚད་སྨི་5000སར་ས་མཐོའི་དམག་ཧྲག་གིས་སྦྱོང་བརྡར་བྱེད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་09ཉིན། 11:13】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། 2018ལོའི་ཟླ་8ཚེས་7ཉིན“དཀའ་ཚེགས་ཆེ་བའི་ཁུལ”དུ་ས་སྲུང་བྱེད་མཁན་བོད་ལྗོངས་མངའ་རིས་ཡན་ལག་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གིས་དཔོན་དམག་སྒྲིག་འཛུགས་བྱས་ཏེ་ས་བབ་མཐོ་ཚད་སྨི་5000ལྷག་ཙམ་ཟིན་པའི་ས་ཁོངས་སུ་དྲག་ཆས་བྱེས་བགྲོད་རྒྱུག་ཤར་དང་། བྲག་རིར་འཛེགས་པ། པན་དང་ཚོགས་ཆུང་གི་དམག་འཐབ་ནང་སྦྱོང་སོགས་ཀྱི་ལུས་ཤེད་དང་རྩལ་ནུས་ཀྱི་སློབ་ཚན་སྦྱོང་བརྡར་བྱས་ཏེ་དཔོན་དམག་ཚོས་མཐོ་གྲང་གསོ་རླུང་དཀོན་པའི་ཁོར་ཡུག་འོག་གི་འཐབ་ནུས་ནུས་ལྡན་ངང་སྦྱོང་བརྡར་བྱས་ཤིང་། གོང་གི་པར་རིས་ནི་2018ལོའི་ཟླ་8ཚེས་7ཉིན་བོད་ལྗོངས་མངའ་རིས་ཡན་ལག་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གི་དཔོན་དམག་གིས་པན་དང་ཚོགས་ཆུང་གི་དམག་འཐབ་ནང་སྦྱོང་བྱེད་པའི་གནས་ཚུལ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།