འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།མང་ཚོགས་དང་འབྲེལ་འདྲིས་ཟབ་མོ་བྱས་ནས་སྙིང་གཏམ་ཉན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་09ཉིན། 11:11】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།མང་ཚོགས་དང་འབྲེལ་འདྲིས་ཟབ་མོ་བྱས་ནས་སྙིང་གཏམ་ཉན་པ།
            མི་དམངས་དྲ་བའི་འཕྲིན། ཤེས་རྟོགས་བྱུང་བ་ལྟར་ན། འདི་ནི་ཅང་ཤིས་ཞིང་ཆེན་ཡུས་ཧྲན་རྫོང་སྒྲིག་ཨུད་ལྟ་སྐུལ་ཨུ་ལྷན་གྱིས་ཁྱོན་ཡོངས་ནས་སྤྱོད་ཚུལ་བཞི་ཡོ་བསྲང་དང་རུལ་སུངས་ཆེས་ཆུང་གྲས་ལ་རྒོལ་བའི་བྱ་སྤྱོད་སྤེལ་རིང་། རྫོང་དང་གྲོང་རྡལ་གྱི་རིམ་གཉིས་སྒྲིག་བཤེར་ལས་བྱེད་པ་གྲོང་ཚོ་དང་ཞིང་ཁྱིམ་དུ་བསྐྱོད་པ་དང་། “སྐད་ཆ་ཡོད་ན་ང་ལ་ཤོད”ཅེས་པའི་བྱེད་སྒོ་སྤེལ་ནས་ཁེ་ལས་དང་ཞིང་པ་མང་ཚོགས་ཀྱི་སྒོ་རྩར་ལས་སྒྲུབ་བྱས་པས་ཐེར་འདོན་གོང་ཞུ་ཡོད་པ་དང་། དྲང་གཞག་མིན་པ་ཞུ་རྒྱུ་ཡོད་པ། བསམ་འཆར་དང་ལྟ་ཚུལ་ཡོད་པ། དཀའ་ངལ་ཡོད་པ་བཅས་ཀྱི་མང་ཚོགས་དང་ངོ་ཐུག་གདོང་འཕྲད་བྱས་ནས་གོང་རིམ་ལ་ཞུ་ཐུབ་པ་བྱེད་པ་དང་། འབྱུང་རྩ་ནས་ཏང་ཡོན་ལས་བྱེད་པའི་སྒྲིག་འགལ་ཁྲིམས་འགལ་སོགས་རུལ་སུངས་སྣང་ཚུལ་གཏན་འགོག་བྱས་ཡོད། ད་ལོའི་ཟླ་1པོ་ནས་7པའི་རིང་རྫོང་དེས་ས་གནས་ས་ཐོག་ཏུ་མང་ཚོགས་ཀྱི་ཡིག་བསྐུར་ངོ་བཅར་ཁག་327ལ་བདག་སྤྲོད་བྱས་ཏེ་ཁག་62གྱོད་ཁོངས་སུ་བཅུག་པ་དང་། མི་51ལ་ཏང་སྲིད་སྒྲིག་ཁྲིམས་ཀྱི་ཆད་པ་བཅད་པས་རྒྱ་ཆེའི་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཅིང་། གོང་གི་པར་རིས་ནི་2018ལོའི་ཟླ་8ཚེས་5ཉིན་ཅང་ཤིས་ཞིང་ཆེན་ཡུས་ཧྲན་རྫོང་གི་སྒྲིག་བཤེར་ལས་བྱེད་པས་རྫོང་དེ་གའི་ཡན་རུའེ་གྲོང་རྡལ་གྱི་ཀུའུ་ཁྲེང་གྲོང་ཚོར་གྲོང་མིའི་བསམ་འཆར་ཉན་བཞིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།