འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་མཐོ་སློབ་ལ་རྒྱལ་སྤྱིའི་ཆུར་འཛུལ་འཕྲུལ་མིའི་འགྲན་བསྡུར་ཆེ་མོའི་ནང་
    ཨང་དང་པོ་ཐོག་མ་དེ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་09ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། གསར་འགོད་པར་ཧར་པིན་བཟོ་སྐྲུན་སློབ་ཆེན་ནས་ཤེས་རྟོགས་བྱུང་བར། སྐབས་ཉེར་གཅིག་པའི་རྒྱལ་སྤྱིའི་ཆུར་འཛུལ་འཕྲུལ་མིའི་འགྲན་བསྡུར་པེ་ཅིང་གི་དུས་ཚོད་ཟླ་8ཚེས་6ཉིན་ཨ་རིའི་གྲོང་ཁྱེར་ཧྲེང་ཏེ་ཀོར་མཇུག་འགྲིལ་བ་དང་ཧར་པིན་ལས་གྲྭ་སློབ་ཆེན་གྱི་Eཝུའེ་འཐུས་མི་རུ་ཁག་ལ་ཨང་དང་པོ་ཐོབ་པ་ནི་རང་རྒྱལ་གྱི་མཐོ་སློབ་ལ་འཛམ་གླིང་གི་རྩེར་སོན་ཆུར་འཛུལ་འཕྲུལ་མིའི་འགྲན་བསྡུར་ཆེ་མོའི་ཁྲོད་ཨང་དང་པོ་ཐོབ་ཐེངས་དང་པོ་རེད།
           ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་སྤྱིའི་ཆུར་འཛུལ་འཕྲུལ་མིའི་འགྲན་བསྡུར་དེ་རྒྱལ་སྤྱིའི་མི་མེད་མ་ལག་མཉམ་འབྲེལ་ལྷན་ཚོགས་དང་ཨ་རིའི་མཚོ་དམག་གི་གོ་མཚོན་ཞིབ་འཇུག་ཁང་གིས་ཐུན་མོང་ཐོག་གཙོ་གཉེར་བྱས་ཤིང་། དེར་ཆུར་འཛུལ་འཕྲུལ་མིའི་ཁྱབ་ཁོངས་ཀྱི“འཛམ་གླིང་བུམ་པ”ཞེས་འབོད་ཀྱི་ཡོད།
           ཧར་པིན་བཟོ་སྐྲུན་སློབ་ཆེན་གྱི་དགེ་རྒན་ལིའུ་ཝུན་ཀྲེ་དང་། ལི་ཧའེ་པོའོ། ཡེ་ཤིའུ་ཧྥེན་གསུམ་གྱིས་རུ་སྣེ་ཁྲིད་པའི་ད་ཐེངས་ཀྱི་འཐུས་མི་རུ་ཁག་ལ་ཁྱོན་རུ་མི་35ཡོད་ཅིང་། དེ་དག་དེ་གོང་གི“འགྲན་སློང་བུམ་པའི”རྒྱལ་ཡོངས་སློབ་ཆེན་སློབ་མའི་སློབ་གསེང་གི་རིག་གཞུང་ཚན་རྩལ་བརྩམས་ཆོས་འགྲན་བསྡུར་དང་རྒྱལ་ཡོངས་སློབ་ཆེན་སློབ་མའི་གློག་རྡུལ་ཇུས་འགོད་འགྲན་བསྡུར་སོགས་རྒྱལ་ཕྱི་རྒྱལ་ནང་གི་རིག་གཞུང་ཚན་རྩལ་འགྲན་བསྡུར་ནང་ཐེངས་མང་ཞུགས་མྱོང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།