འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།ཟླ་དྲུག་པར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་
    ལས་འགལ་ནས་ཆད་པ་ཕོག་མཁན་9519ཡོད།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་31ཉིན། 12:42】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་30ཉིན། ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ་དྲུག་པར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་6692ཞིབ་བཤེར་ཐག་གཅོད་བྱས་ཤིང་མི་9519ལ་ཐག་གཅོད་བྱས་པ་དང་། མི་6802ལ་ཏང་གི་སྒྲིག་ཁྲིམས་ཀྱི་སྲིད་དོན་ཆད་པ་བཅད་ཡོད།
             ཡོངས་བསྒྲགས་བྱས་པའི་གནས་ཚུལ་ལ་བལྟས་ན། ཟླ་དྲུག་པར་ཞིབ་བཤེར་ཐག་གཅོད་བྱས་བའི་གནད་དོན་ཁྲོད་སྒྲིག་འགལ་ངང་གླ་ཕོགས་ཁ་གསབ་སྤྲོད་རིགས་1625དང་།  སྒྲིག་འགལ་ངང་གཞུང་འཁོར་བཀོད་སྒྲིག་དང་བེད་སྤྱོད་བྱས་རིགས་1085 སྒྲིག་འགལ་ངང་འབུལ་རྟེན་སྤྲོད་པ་དང་ལེན་བྱས་རིགས་1082 སྒྲིག་འགལ་ངང་གཞུང་དངུལ་སྤྱད་དེ་བཟའ་བཏུང་བྱས་རིགས་917 ཚད་གཞི་ལས་བརྒལ་བའི་སྣེ་ལེན་མཁོ་འདོན་དང་དང་ལེན་བྱས་པ་དང་། གཞུང་དངུལ་སྤྱད་དེ་འཛད་སྤྱོད་མཐོ་བའི་རོལ་རྩེད་ལུས་སྦྱོང་བྱེད་སྒོར་ཞུགས་པ། སྒྲིག་འགལ་ངང་སྒེར་གྱི་འདུ་གནས་སུ་འགྲོ་འོང་བྱས་པ། འགོ་ཁྲིད་ལས་བྱེད་པའི་སྡོད་ཁང་སྒྲིག་ལམ་ལས་འགལ་བ། སྒྲིག་འགལ་ངང་དོ་དམ་ཞབས་ཞུ་བྱ་ཡུལ་གྱིས་གསོལ་སྟོན་བཤམས་པར་ཞུགས་པ་སོགས་ཀྱི་གནད་དོན་733 གཉེན་སྒྲིག་དང་གཤིན་པོ་དུར་སྐྱེལ་རྒྱ་ཆེར་སྤེལ་རིགས་642 གཞུང་དངུལ་སྤྱད་དེ་ཡུལ་སྐོར་དུ་བསྐྱོད་རིགས་409 སྣེ་ལེན་ཁང་གི་སྒྲིག་འགལ་གནད་དོན་199བཅས་ཡོད། ཟླ་དྲུག་པར་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་དབང་གིས་ཏང་གི་སྒྲིག་ཁྲིམས་ཀྱི་སྲིད་དོན་ཆད་པ་བཅད་པའི་ལས་བྱེད་པའི་ཁྲོད་ས་ཁུལ་དང་ཐིང་རིམ་པའི་མི་85དང་རྫོང་དང་ཁྲུའུ་རིམ་པའི་མི་613ཡོད།
      

    ཕྱོགས་བསྡུས་གསར་འགྱུར།