འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གིས་ཕུལ་བྱུང་དཔོན་དམག་དང་དམག་མིའི་
    བཟའ་ཟླར་གཟེངས་བསྟོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་31ཉིན། 12:17】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གིས་ཕུལ་བྱུང་དཔོན་དམག་དང་དམག་མིའི་
བཟའ་ཟླར་གཟེངས་བསྟོད་བྱས་པ།
           མི་དམངས་དྲ་བའི་འཕྲིན། “བརྒྱད་གཅིག”གི་གོང་དུ་དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གིས་སྐབས་ལྔ་པའི“དམག་དཔུང་སྟོབས་ཆེན་གྱི་དཔེ་དམག་ལེགས་གྲས་བཅུ”དང“དམག་དཔུང་སྟོབས་ཆེན་གྱི་ཕུལ་བྱུང་དམག་མི་ལེགས་གྲས་བཅུ”“དམག་མིའི་བཟའ་ཟླ་ལེགས་གྲས་བཅུ”བཅས་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་འཚོགས་པ་རེད། ལས་གནས་མི་འདྲ་བ་སུམ་ཅུ་ནས་ཡོང་བའི་སྔོན་ཐོན་དཔེ་མཚོན་30ལ་གཟེངས་བསྟོད་ཐོབ་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། “ལེགས་གྲས་བཅུ་གསུམ”གྱི་ལས་འགན་གཟེངས་བསྟོད་ནི་དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གིས་2013ལོར“དམག་མིའི་བཟའ་ཟླ་ལེགས་གྲས་བཅུ”ལ་གཟེངས་བསྟོད་བྱེད་སྒོ་སྤེལ་ཚུན་དཔུང་སྡེའི་དཔེ་མཚོན་སྣེ་ཁྲིད་ལ་སྐུལ་འདེད་དང་དཔོན་དམག་གིས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”ཀྱི་དུས་རབས་ཀྱི་ནང་དོན་ལ་བཞུན་བརྡར་བྱེད་པའི་བྱེད་ཐབས་ནུས་ལྡན་གཞན་ཞིག་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།