འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་བྱང་སྐར་སྤུན་བདུན་གྱི་ཕྱོགས་སྟོན་སྲུང་སྐར་ཨང་སོ་གསུམ་པ་དང་སོ་བཞི་པ་
    གྲུབ་འབྲས་ཐོབ་པའི་སྒོ་ནས་འཕེན་གཏོང་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་31ཉིན། 12:15】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་29ཉིན་གྱི་ཆུ་ཚོད་9དང་སྐར་མ་48ཐོག་རང་རྒྱལ་གྱིས་ཤིས་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་རྒྱང་སྐྱོད་ཨང་གསུམ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཁ་པ(རྒྱང་རིང་ཨང་གསུམ་པའི་གོང་གི་རིམ་པ)སྤྱད་དེ“འཕུར་མདའ་གཅིག་དང་སྲུང་སྐར་གཉིས”ཀྱི་བྱེད་ཐབས་ཐོག་ནས་བྱང་སྐར་སྤུན་བདུན་གྱི་ཕྱོགས་སྟོན་སྲུང་སྐར་ཨང་སོ་གསུམ་པ་དང་སོ་བཞི་པ་གྲུབ་འབྲས་ཐོབ་པའི་སྒོ་ནས་འཕེན་གཏོང་བྱས་ཤིང་། སྲུང་སྐར་དེ་གཉིས་ནི་ཀྲུང་ཡོན་ས་གོ་ལའི་རྒྱུ་སྐར་འཁོར་ལམ་གྱི་སྲུང་སྐར་ཁོངས་སུ་གཏོགས་པ་དང་དེ་ནི་རང་རྒྱལ་གྱིས་བྱང་སྐར་སྤུན་བདུན་ཁོངས་གཏོགས་ཀྱི་ཚོགས་ཆུང་དྲ་བའི་སྲུང་སྐར་ཨང་དགུ་པ་དང་བཅུ་པ་ཡིན་པ་རེད།
             སྲུང་སྐར་དེ་གཉིས་ཆུ་ཚོད་3ལྷག་ཙམ་འཕུར་སྐྱོད་བྱས་པ་བརྒྱུད་འཁོར་ལམ་ཚོད་འཛིན་དང་ཚན་གནས་འཛིན་བཟུང་བྱས་རྗེས་ལས་ཀའི་རྒྱུ་སྐར་འཁོར་ལམ་ལ་སྐྱོད་པ་རེད། རྗེས་སུ་ཕྱོགས་བསྡུས་ཚད་ལེན་དང་ཚོད་ལྟ་དཔྱད་དཔོག་བྱས་པ་མ་ཟད། དེ་གོང་འཕེན་གཏོང་བྱས་པའི་བྱང་སྐར་སྤུན་བདུན་གྱི་ཕྱོགས་སྟོན་སྲུང་སྐར་ཨང་གསུམ་པ་བརྒྱད་ཀྱི་ཚོགས་ཆུང་དྲ་བ་འཁོར་སྐྱོད་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།