འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《གསར་བརྗེའི་རིག་དངོས་
    སྲུང་སྐྱོང་དང་བེད་སྤྱོད་འདུ་འགོད་ལག་ལེན་བསྟར་རྒྱུའི་སྐོར་གྱི(2018-2022ལོ་བར)
    བསམ་འཆར་》པར་འགྲེམས་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་31ཉིན། 12:12】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《གསར་བརྗེའི་རིག་དངོས་སྲུང་སྐྱོང་དང་བེད་སྤྱོད་འདུ་འགོད་ལག་ལེན་བསྟར་རྒྱུའི་སྐོར་གྱི(2018-2022ལོ་བར)བསམ་འཆར་》པར་འགྲེམས་བྱས་པ་དང་འབྲེལ་བརྡ་ཐོ་བཏང་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལག་བསྟར་དོན་འཁྱོལ་ནན་ཏན་བྱ་རྒྱུའི་བླང་བྱ་བཏོན་པ་རེད།
            དོན་སྙིང་གལ་ཆེན། གསར་བརྗེའི་རིག་དངོས་ཁྲོད་ཀྲུང་གོ་གུང་ཁྲན་ཏང་གི་གཟི་བརྗིད་ལྡན་པའི་ལོ་རྒྱུས་སྙིང་བསྡུས་བྱས་པ་དང་ཉེ་དུས་ཚུན་གྱི་ཀྲུང་གོའི་མི་དམངས་ཀྱིས་དཔའ་མཛངས་རྟུལ་ཕོད་ངང་འབད་འཐབ་བྱས་པའི་བརྗིད་ཆེའི་ལེའུ་མཚོན་པས་དེ་ནི་གསར་བརྗེའི་རིག་གནས་ཀྱི་དངོས་པོའི་འདྲེན་རྟེན་དང་། རྒྱལ་གཅེས་ཀྱི་སྤྲོ་སེམས་སྐུལ་སྤེལ་དང་མི་རིགས་ཀྱི་སྙིང་སྟོབས་འཕེལ་བར་བྱེད་པའི་གསོ་བཅུད་ཟབ་མོ། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་ཐོག་མའི་བསམ་འདུན་མི་བརྗེད་པར་མུ་མཐུད་མདུན་སྐྱོད་བྱེད་པའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་བཅས་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་གསར་བརྗེའི་རིག་དངོས་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་གསར་བརྗེའི་རིག་དངོས་ཀྱི་རྩ་བའི་གནས་ཚུལ་གསལ་རྟོགས་ཐུབ་པ་དང་། གསར་བརྗེའི་རིག་དངོས་སྲུང་སྐྱོང་གནས་བབ་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ། གསར་བརྗེའི་རིག་དངོས་ཀྱི་སློབ་གསོའི་ནུས་པ་ཟམ་མི་ཆད་པར་སྟོབས་ཆེར་ཕྱིན་པ་བཅས་རེད། དེ་དང་དུས་མཚུངས་དུས་རབས་གསར་པར་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་དང་བསྟུན་ནས་གསར་བརྗེའི་རིག་དངོས་ཐོན་ཁུངས་བསྡུ་སྒྲིལ་དང་། སྤྱི་འདོམས་འཆར་འགོད། སྤྱི་ཡོངས་སྲུང་སྐྱོང་བཅས་བྱ་རྒྱུ་ཁ་ཚ་དགོས་གཏུགས་ཡིན་པ་དང་། གསར་བརྗེའི་རིག་དངོས་ཀྱི་རིན་ཐང་སྔོག་འདོན་དང་། གསལ་འགྲེལ་ཁྱབ་སྤེལ་བཅས་གཏིང་ཟབ་ཏུ་གཏོང་རྒྱུ་ཁ་ཚ་དགོས་གཏུགས་ཡིན་པ། གསར་བརྗེའི་རིག་དངོས་ཀྱི་སྤྱི་ཡོངས་ལ་ཞབས་ཞུ་དང་། སྲིད་དོན་སྐྱོང་རོགས་དང་མི་སྣ་གསོ་སྐྱོང་། འཕེལ་རྒྱས་ལ་སྐུལ་གཏོང་བཅས་ཀྱི་ཐུན་མོང་མ་ཡིན་པའི་ནུས་པ་འདོན་སྤེལ་བྱ་རྒྱུ་ཁ་ཚ་དགོས་གཏུགས་ཡིན་པ་བཅས་རེད། ཏང་གི་སྲིད་སྐྱོང་གནས་བབ་སྲ་བརྟན་དུ་གཏོང་བ་དང་འདུ་ཤེས་འཛིན་སྟངས་ཀྱི་གཡུལ་སའི་འཐབ་ཇུས་ཀྱི་མཐོ་ཚད་བརྟན་དུ་གཏོང་བ་དང“གདེང་ཚོད་བཞི”བརྟན་དུ་གཏོང་བའི་འཐབ་ཇུས་ཀྱི་མཐོ་ཚད་ནས་དུས་རབས་གསར་པའི་གསར་བརྗེའི་རིག་དངོས་ལས་དོན་གྱི་དོན་སྙིང་འགངས་ཆེན་ལ་ངོས་འཛིན་གང་ལེགས་བྱེད་དགོས།
           གཞི་རྩའི་རྩ་དོན། ཕྱོགས་ཡོངས་ནས་སྲུང་སྐྱོང་དང་སྤྱི་ཡོངས་ནས་སྲུང་སྐྱོང་བྱ་རྒྱུ་མཐའ་འཁྱོངས་ཀྱིས་མྱུར་སྐྱོབ་རང་བཞིན་དང་སྔོན་འགོག་རང་བཞིན་གྱི་སྲུང་སྐྱོང་དང་རིག་དངོས་དེ་ག་དང་མཐའ་འཁོར་གྱི་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུར་སྤྱི་འདོམས་སྐུལ་འདེད་བཏང་ནས་གསར་བརྗེའི་རིག་དངོས་ཀྱི་ལོ་རྒྱུས་ཀྱི་དངོས་ཡོད་རང་བཞིན་དང་། ཕྱི་དབྱིབས་ཀྱི་ཆ་ཚང་བའི་རང་བཞིན། རིག་གནས་ཀྱི་རྒྱུན་མཐུད་རང་བཞིན་བཅས་འགན་ལེན་བྱེད་དགོས། སྤྱི་ཚོགས་ཀྱི་ཕན་འབྲས་མངོན་གསལ་དོད་པོ་རྒྱུན་འཛིན་གཙོ་གནད་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་སློབ་གསོ་གཏོང་ནུས་ཆེ་རུ་དང་ཁྱབ་སྤེལ་ནུས་པ་ཆེ་རུ་བཏང་ནས་གསར་བརྗེའི་རིག་དངོས་ཀྱི་གསོན་ཤུགས་འཕེལ་བར་བྱེད་པ་དང་། གསར་བརྗེའི་རིག་དངོས་བེད་སྤྱོད་ཡག་པོ་དང་། གསར་བརྗེའི་སྲོལ་རྒྱུན་དར་སྤེལ་ཡག་པོ། གསར་བརྗེའི་རིག་གནས་རྒྱུན་འཛིན་ཡག་པོ་བཅས་བྱེད་དགོས། གསར་གཏོད་རང་བཞིན་གྱི་འགྱུར་ལྡོག་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་སྒྲིག་སྲོལ་དང་ལམ་སྲོལ་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་བྱེད་ཐབས་དང་བྱེད་སྟངས་སྒྱུར་བཅོས་གསར་གཏོད་བྱས་ཏེ་གསར་བརྗེའི་རིག་དངོས་སྲུང་སྐྱོང་དང་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་སློབ་གྲྭ་འབྲིང་ཆུང་གི་སློབ་གསོ་དང་ལས་བྱེད་པའི་སློབ་གསོ་ཟུང་འབྲེལ་བྱེད་པ་དང་། དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་དང་ཟུང་འབྲེལ་བྱེད་པ། རིག་གནས་འཛུགས་སྐྱོང་དང་ཡུལ་སྐོར་འཕེལ་རྒྱས་དང་ཟུང་འབྲེལ་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དམངས་འཚོའི་བདེ་རྩ་ལེགས་སུ་གཏོང་རྒྱུ་དང་ཟུང་འབྲེལ་བཅས་བྱས་ཐོག་གསར་བརྗེའི་རིག་གནས་ཀྱི་གསོན་ཤུཌ་དང་ཤུགས་རྐྱེན་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པ་དེ་རེད། ལས་འགན་གཙོ་བོ། (གཅིག)གསར་བརྗེའི་རིག་དངོས་ཀྱི་རྨང་གཞིའི་ལས་དོན་བརྟན་པོ་སྤེལ་བ་དང་། (གཉིས)གསར་བརྗེའི་རིག་དངོས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། (གསུམ)གསར་བརྗེའི་རིག་དངོས་བེད་སྤྱོད་ཀྱི་ཐབས་ལམ་རྒྱ་ཆེར་གཏོང་བ། (བཞི)གསར་བརྗེའི་རིག་དངོས་འགྲེམས་སྟོན་ཆུ་ཚད་རིམ་སྤོར་བྱེད་པ། (ལྔ)གསར་བརྗེའི་རིག་དངོས་ཁྱབ་སྤེལ་གཏོང་སྟངས་གསར་གཏོད་བྱེད་པ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།