འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་ཞིང་ལས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་པར་ཕྱོགས་ལྔའི་ཐད་ནས་ཤུགས་རྒྱག་དགོས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་31ཉིན། 12:09】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། 《སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར་》དང་རྒྱལ་ཡོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་ཆེད། ཞིང་ལས་དང་གྲོང་གསེབ་པུས་ཉེ་ཆར་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་སྐོར་གྱི་ལས་ཀའི་བསམ་འཆར་བཏོན་ནས་ཞིང་ལས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་རེད།
            ཉེ་ཆར་ཞིང་ལས་དང་གྲོང་གསེབ་པུས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཚན་རྩལ་སློབ་གསོ་སིའི་སི་ཀྲང་ལེའོ་ཤིས་ཡོན་གྱིས་གཙོ་གནད་ནང་དོན་ཁག་ལྔ་ངོ་སྤྲོད་བྱས་པ་སྟེ།
            ཞིང་ལས་དང་གྲོང་གསེབ་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལམ་ལུགས་མ་ལག་མགྱོགས་མྱུར་སྐྲུན་པའི་ནང་ཞིང་ལས་ཐོན་ལས་ཆོག་འཐུས་ཀྱི་བཀག་རྒྱ་གསལ་ཐོ་དང་། རྨོ་ཞིང་འདེབས་འཇོག་རེས་མོས་བྱེད་པ། ཁྱིམ་ཕྱུགས་ཀྱི་ལྕི་བ་དང་བྱ་བྲུན་ཐོན་ཁུངས་ཅན་གྱིས་བེད་སྤྱོད་བྱེད་པ་སོགས་ལམ་ལུགས་འཛུགས་པ་དང་། བཟོ་ལས་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་སྦགས་བཙོག་ཞིང་ལས་ལ་བསྒྱུར་རྒྱུར་སྔོན་འགོག་ཚོད་འཛིན་བྱེད་པའི་ལམ་སྲོལ་འཛུགས་རྒྱུར་སྐུལ་མ་གཏོང་བ། ལྗང་མདོག་སྣོད་བཅུད་ཁྲིད་སྟོན་དུ་བྱས་པའི་ཞིང་ལས་ཁ་གསབ་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཚུད་ཡོད་པ་དང་། ཞིང་ལས་ལྗང་མདོག་འཕེལ་རྒྱས་ཀྱི་བྱ་སྤྱོད་གལ་ཆེན་ལག་བསྟར་ཧུར་ཐག་བྱས་ཏེ་གསོ་ཚགས་ལས་རིགས་གཙོ་བོ་ནི་སྒོ་ཕྱུགས་དང་ཁྱིམ་བྱ་གསོ་ཚགས་ས་ཁོངས་ཀྱི་བཀོད་པ་ལེགས་སུ་གཏོང་རྒྱུ་དེ་ཡིན་པ་དང་སྒོ་ཕྱུགས་ཀྱི་ལྕི་བ་དང་བྱ་བྲུན་ཐོན་ཁུངས་ཅན་གྱི་བེད་སྤྱོད་བྱེད་པའི་རྒྱུན་མཐུད་འཁོར་སྐྱོད་ལམ་སྲོལ་ཆགས་རྒྱུར་སྐུལ་མ་གཏོང་བ་དང་འདེབས་འཛུགས་ལས་རིགས་གཙོ་བོ་ནི་ཤིང་འབྲས་དང་། སྔོ་ཚལ། ཇ་ལོ་སོགས་ལ་སྐྱེ་ལྡན་ལུད་ཀྱིས་རྫས་ལུད་ཀྱི་ཚབ་བྱེད་པ་དང་རྫས་ལུད་དང་ཞིང་སྨན་སྤྱོད་མཁན་མེད་པའི་བྱ་སྤྱོད་མུ་མཐུད་ལག་བསྟར་བྱས་ཏེ་ཞིང་ལས་ལོ་ཏོག་གི་འབུའི་གནོད་འཚེ་སྔོན་འགོག་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ།
           གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་ལེགས་བཅོས་ཡོང་རྒྱུར་སྐུལ་མ་བརྟན་པོ་བཏང་ནས་གྲོང་ཚོའི་འཆར་འགོད་དོ་དམ་ལེགས་སུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་དང་། གྲོང་གསེབ་ཀྱི་གད་སྙིགས་དང་བཙོག་ཆུ་གཙང་སེལ་ནུས་པ་ཆེ་རུ་གཏོང་བ། གསང་སྤྱོད་གསར་བརྗེར་སྐུལ་མ་གཏོང་བ། གྲོང་ཚོའི་རྣམ་པ་ལེགས་སུ་གཏོང་བ་བཅས་བྱས་ཏེ་མཛེས་སྡུག་ལྡན་ལ་སོས་དལ་གྱི་གྲོང་གསེབ་དང་ཡུལ་སྐོར་མཛེས་ལྗོངས་རྩེ་གྲ་ཁག་གཅིག་བཏོད་དེ་གྲོང་གསེབ་འདི་ཉིད་ཞིང་པའི་བདེ་སྐྱིད་འཚོ་བའི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སུ་བསྐྲུན་དགོས་པ།
           ཞིང་ལས་ཐོན་ཁུངས་བདག་སྐྱོང་ལ་སྐུལ་མ་ཤུགས་ཆེན་བཏང་བའི་ཁྲོད་ཆུ་གྲོན་ཆུང་གི་ཞིང་ལས་འཕེལ་རྒྱས་མྱུར་པོ་གཏོང་བ་དང་། རྨོ་ཞིང་གི་སྤུས་ཚད་སྲུང་སྐྱོང་དང་རིམ་སྤོར་ལ་ཤུགས་སྣོན་རྒྱག་པ། ཞིང་ལས་སྐྱེ་དངོས་ཐོན་ཁུངས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཚུད་ཡོད་པ།
           ཚན་རྩལ་འདེགས་སྐྱོར་གྱི་ནུས་པ་ཆེ་རུ་ཤུགས་ཆེན་བཏང་ནས་སྒོ་ཕྱུགས་དང་ཁྱིམ་བྱ་གསོ་ཚགས་ཀྱི་བེད་མེད་དངོས་པོ་སོགས་རྒྱལ་ཁབ་ཚན་རྩལ་གསར་གཏོད་ཀྱི་མནའ་འབྲེལ་ལ་བརྟེན་ནས་ཐོན་སློབ་ཞིབ་ཁེ་བཅས་ཀྱི་མཉམ་འབྲེལ་འགག་སྒྲོལ་ལས་དོན་ཡག་པོ་སྤེལ་ཏེ་དེང་རབས་ཞིང་ལས་ཐོན་ལས་ཀྱི་ལག་རྩལ་མ་ལག་དང་ཞིང་ལས་དང་གྲོང་གསེབ་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་གཙོ་གནད་ལས་འགན་དང་ལག་རྩལ་གྱི་དགོས་མཁོ་སྦྲེལ་མཐུད་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་ཐོན་ལས་དང་ཁོར་ཡུག་གི་ཚན་རྩལ་གནད་དོན་གཞི་གཅིག་ཅན་གྱི་སྒོ་ནས་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ་བཅས་རེད། 
      

    ཕྱོགས་བསྡུས་གསར་འགྱུར།