འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།དབྱར་དུས་ཀྱི་རྟ་རྒྱུག

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་31ཉིན། 12:01】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།དབྱར་དུས་ཀྱི་རྟ་རྒྱུག
             མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་29ཉིན། བོད་ལྗོངས་སྒར་རྫོང་རྒྱ་སྨུག་གྲོང་ཚོའི་དབྱར་དུས་ཀྱི་འབྲོག་རར་དགོད་སྒྲས་ཁེངས་པ་དང་ངོ་མཚར་ཆེ་བའི་རྟ་རྒྱུག་འགྲན་ཚོགས་ཀྱིས་མང་ཚོགས་2700ལྷག་ཙམ་གྱི་ཡིད་དབང་བཀུག་ནས་མཐའ་མཚམས་གྲོང་ཁྱེར་སྒར་རྫོང་དུ་སྐབས་ཤིག་རིང་མི་ཚོགས་ཀྱིས་ཁེངས་ཡོད་པ་རེད། མི་རིགས་ཀྱི་ཁྱད་ཆོས་དང་གནའ་བོའི་ཉམས་འགྱུར་ལྡན་པའི་འཕུར་རྟའི་མདའ་འཕེན་དང་། མྱུར་འགྲན་རྟ་རྒྱུག རྟ་ཐོག་ནས་དངོས་པོ་སྒྲུག་པ་སོགས་སྲོལ་རྒྱུན་གྱི་རྟ་རྩལ་འགྲན་བསྡུར་ལ་ལྟད་མོ་བའི་དགའ་བསུ་ཆེན་པོ་ཐོབ་ཡོད་ལ་མངའ་རིས་ས་ཁུལ་གྱི་སྐྱས་སྤོའི་རིག་གནས་དང་། སོ་ནམ་རིག་གནས། ཞང་ཞུང་རིག་གནས་བཅས་མངོན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་རྟ་རྒྱུག་འགྲན་ཚོགས་ནི་མངའ་རིས་ས་ཁུལ་གྱི་སྐབས་བདུན་པའི་ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན་གྱི་བྱེད་སྒོ་གལ་ཆེན་གྲས་ཤིག་ཡིན་པ་དེར་ས་གནས་དེ་གའི་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།