འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྲང་ཁྲུན་ཁྲང་ཧྲེང་ཀུང་སིས་ཁྲིམས་འགལ་སྒྲིག་འགལ་ངང་ཁྱི་སྨྱོན་རིམས་འགོག་སྨན་ཁབ་ཐོན་སྐྱེད་
    བྱས་པའི་གྱོད་གཞིའི་བརྟག་དཔྱད་ལས་དོན་ལ་འཕེལ་རིམ་ཆེན་པོ་བྱུང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་30ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་བརྟག་དཔྱད་ཚོགས་ཆུང་གིས་གནས་ཚུལ་སྤེལ་བ་གཞིར་བཟུང་། ཁྲང་ཁྲུན་ཁྲང་ཧྲེང་ཀུང་སིས་ཁྲིམས་འགལ་སྒྲིག་འགལ་ངང་ཁྱི་སྨྱོན་རིམས་འགོག་སྨན་ཁབ་ཐོན་སྐྱེད་བྱས་པའི་གྱོད་གཞིའི་བརྟག་དཔྱད་ལས་དོན་ལ་འཕེལ་རིམ་ཆེན་པོ་བྱུང་ནས་ཁེ་ལས་ཀྱིས་ཁྲིམས་འགལ་སྒྲིག་འགལ་ངང་ཁྱི་སྨྱོན་རིམས་འགོག་སྨན་ཁབ་ཐོན་སྐྱེད་བྱས་པའི་དོན་དངོས་གཞི་རྩའི་ཐོག་ནས་རྩད་ཆོད་མཐའ་གསལ་བྱུང་ཡོད་པ་རེད།
              གསར་འགོད་པས་ས་གནས་ས་ཐོག་ནས་ཤེས་རྟོགས་བྱུང་བར། ཁེ་ལས་དེའི་འབྲེལ་ཡོད་ཡིག་ཆར་རྒྱ་བཏབ་པ་དང་། བརྟག་དཔྱད་ཚོགས་ཆུང་གིས་འབྲེལ་ཡོད་མི་སྣའི་ཡིག་ཐོག་དཔང་ཡིག་34ལ་བློ་འདྲི་དང་། དཔྱད་གཞི་ཤོག་ལྷེ་1138ཡི་དཔང་རྟགས་བླངས་ནས་རྩད་ཆོད་པའི་རྩིས་འཁོར་སྤྱད་དེ་དོན་དངོས་ཐོན་སྐྱེད་ཀྱི་ཟིན་ཐོ་དང་རྫུས་མ་བཟོས་པའི་ཐོན་སྐྱེད་ཀྱི་ཟིན་ཐོ་སླར་གསོ་བྱས་པ་རེད། སྤྱི་བདེ་ལས་ཁུངས་ཀྱིས་ཉེས་གསོག་དོགས་ཅན་གྱིས་དབྱུགས་ནས་མེད་པར་བཟོ་ཐབས་བྱས་པའི་གློག་ཀླད་ཀྱི་སྲ་སྡེར་60ཚུར་བླངས་པ་རེད།
          ངོ་སྤྲོད་བྱས་པར་གཞིགས་ན། ཟླ་7ཚེས་6ནས་8ཉིན་བར་སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་ཁྲང་ཁྲུན་ཁྲང་ཧྲེང་ཀུང་སིར་འཕུར་སྐྱོད་བརྟག་དཔྱད་བྱེད་རིང་ཁེ་ལས་དེས་ཁྲིམས་འགལ་སྒྲིག་འགལ་ངང་ཐོན་སྐྱེད་བྱས་པའི་བྱེད་སྤྱོད་ཤེས་འཕྲལ། ཁེ་ལས་དེར་ཐོན་སྐྱེད་བྱེད་མཚམས་འཇོག་དགོས་པའི་བཀའ་བཏང་བ་རེད། དེ་རྗེས་ཁྲང་ཁྲུན་ཁྲང་ཧྲེང་ཀུང་སིས་དོན་དངོས་འགེབས་སྲུང་བྱ་ཆེད་ནང་ཁུལ་གྱི་ལྟ་སྐུལ་ཚོད་འཛིན་ཡོ་ཆས་ཀྱི་བརྙན་ལེན་གསོག་ཉར་གཱ་དང་། རྩིས་འཁོར་ཁག་གཅིག་གི་སྲ་སྡེར་རྗེས་པ་དང་མེད་པར་བཟོས་ཏེ་འབྲེལ་ཡོད་དཔང་རྟགས་མེད་པར་བཟོས་པ་རེད། ཟླ་7ཚེས་15ཉིན་རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱི་བརྟག་དཔྱད་ཚོགས་ཆུང་གིས་ཁྲང་ཁྲུན་ཁྲང་ཧྲེང་ཀུང་སིར་སླར་ཡང་བརྟག་དཔྱད་བྱས་པ་རེད།
           གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། སྤྱི་བདེ་ལས་ཁུངས་ཀྱིས་ཁྲང་ཁྲུན་ཁྲང་ཧྲེང་ཀུང་སིས་ཁྲིམས་འགལ་སྒྲིག་འགལ་ངང་ཁྱི་སྨྱོན་རིམས་འགོག་སྨན་ཁབ་ཐོན་སྐྱེད་བྱས་པའི་གྱོད་གཞི་གྱོད་ཁོངས་སུ་བཅུག་ནས་མྱུལ་ཞིབ་བྱས་པ་རེད། ཚེས་25ཉིན་བར་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་བཞིན་ཁྲང་ཁྲུན་ཁྲང་ཧྲེང་ཀུང་སིའི་ཏུང་ཧྲི་ཀྲང་ཀའོ་མོའུ་ཧྥང་སོགས་ཉེས་གསོག་དོགས་ཅན་16ཉེས་དོན་བཀག་ཉར་བྱས་པ་དང་གྱོད་འབྲེལ་ཁེ་ལས་ཀྱི་རྩིས་ཐོ་དང་མི་སྒེར་གྱི་རྩིས་ཐོ་བསྡམས་བཅད་ཅིང་། གྱོད་དོན་མྱུལ་ཞིབ་ལས་དོན་སྤེལ་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།