འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ས་ཡོམ་ཚན་རིག་ཤེས་བྱ་ཁྱབ་གདལ་ཚོགས་ཆེན་སྐབས་དང་པོ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་30ཉིན། 10:44】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། ཐང་ཧྲན་དུ་ས་ཡོམ་བརྒྱབ་ནས་ལོ་42སོང་ཞིང་། ཚེས་28ཉིན་འཕྲལ་འདོམས་དོ་དམ་པུའུ་དང་། སློབ་གསོ་པུའུ། ཚན་རིག་ལག་རྩལ་པུའུ། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས། ཧོ་པེ་ཞིང་ཆེན་མི་དམངས་སྲིད་གཞུང་དང་ཀྲུང་གོ་ས་ཡོམ་ཅུས་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པའི་རྒྱལ་ཡོངས་ས་ཡོམ་ཚན་རིག་ཤེས་བྱ་ཁྱབ་གདལ་ཚོགས་ཆེན་སྐབས་དང་པོ་ཐང་ཧྲན་དུ་འཚོགས་ཤིང་། ཚོགས་ཆེན་ཐོག“ཡོམ་འགོག་དང་གནོད་འཚེ་ཉུང་གཏོང་གི་ཚན་རིག་ཁྱབ་གདལ་བྱ་སྤྱོད་སྔོན་དུ་སྤེལ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་ད་ཕན་ལོ་ཤས་རིང་རང་རྒྱལ་གྱི་ཡོམ་འགོག་དང་གནོད་འཚེ་ཉུང་གཏོང་གི་ཚན་རིག་ཁྱབ་གདལ་ལས་དོན་ཐད་ཐོབ་པའི་ཉམས་མྱོང་ཕྱོགས་སྡོམ་བྱས་པ་དང་འབྲེལ། ཡོམ་འགོག་དང་གནོད་འཚེ་ཉུང་གཏོང་གི་ཚན་རིག་ཁྱབ་གདལ་ལས་དོན་གྱི་དུས་བབ་དང་བླང་བྱ་གསར་པར་དབྱེ་ཞིབ་བྱས་ཁར། སླད་ཕྱིན་དུས་སྐབས་ཤིག་རིང་གི་ཡོམ་འགོག་དང་གནོད་འཚེ་ཉུང་གཏོང་གི་ལས་དོན་བཀོད་སྒྲིག་བྱས་ཏེ་དམངས་ཡོངས་ཀྱི་ཡོམ་འགོག་དང་གནོད་འཚེ་ཉུང་གཏོང་གི་ཚན་རིག་བྱང་ཚད་མཐོ་རུ་བཏང་བ་དང་སྤྱི་ཚོགས་ཡོངས་ཀྱིས་ས་ཡོམ་གྱི་གནོད་འཚེ་འགོག་པའི་ཕྱོགས་བསྡུས་སྔོན་འགོག་འཇོན་ཐང་ཆེ་རུ་བཏང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།