འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲང་ཡུང་ཀོང་རྒྱལ་ནང་དུ་ལོག་ནས་རང་ཉེས་ངོས་ལེན་ཞུས་པ།

    “འཛིན་རྒྱ་དམར་པོ་བཏང་བའི་མི་བརྒྱ”ནས་མི་54བཟུང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་30ཉིན། 10:42】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། 2018ལོའི་ཟླ་7ཚེས་28ཉིན། ཀྲུང་དབྱང་རུལ་རྒོལ་མཐུན་སྦྱོར་ཚོགས་ཆུང་རྒྱལ་སྤྱིའི་བྲོས་འདེད་དངུལ་འདེད་ལས་དོན་གཞུང་དོན་ཁང་གི་སྤྱི་འདོམས་མཐུན་སྦྱོར་འོག་དང་། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་དང་ཀོང་ཏུང་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་སྒྲིག་བཤེར་ལྟ་ཞིབ་ཨུ་ལྷན་གྱིས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། “འཛིན་རྒྱ་དམར་པོ་བཏང་བའི་མི་བརྒྱའི”ཁྲོད་ཀྱི་ཀྲང་ཡུང་ཀོང་རང་འགུལ་ངང་རྒྱལ་ནང་དུ་ལོག་ནས་རང་ཉེས་ངོས་ལེན་ཞུས་པ་དང་འབྲེལ་ཁྲིམས་འགལ་གྱི་དངུལ་ཕྱིར་བསློགས་པ་རེད། མིག་སྔའི་བར“འཛིན་རྒྱ་དམར་པོ་བཏང་བའི་མི་བརྒྱ”ནས་མི་54བཟུང་བ་རེད།
              ཀྲང་ཡུང་ཀོང་། ཕོ། 1982ལོར་སྐྱེས། དེ་སྔའི་ཀོང་ཏུང་ཞིང་ཆེན་ཧྲེན་ཀྲེང་གྲོང་ཁྱེར་སྤྱི་བདེ་ཅུས་ནན་ཧྲན་ཡན་ལག་ཅུས་མཐོ་གསར་ལག་རྩལ་གླིང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་ཞིག་ཡིན་པ་དང་། ལྐོག་རྔན་བསླངས་པའི་ཉེས་གསོག་དང་འབྲེལ་བ་ཡོད་པས། 2010ལོ་ཟླ་12པར་ཨ་རིར་བྲོས་པ་རེད། 2013ལོའི་ཟླ་8པར་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་ཀྱིས་ཁོ་ལ་འཛིན་རྒྱ་དམར་པོ་བཏང་བ་རེད།
             ཀྲུང་དབྱང་བྲོས་འདེད་དངུལ་འདེད་གཞུང་དོན་ཁང་གི་འགན་འཁུར་བས་རུལ་རྒོལ་རྒྱལ་སྤྱིའི་བྲོས་འདེད་དངུལ་འདེད་ལས་དོན་ནམ་ཡང་ཚར་དུས་མེད་པས་རྒྱུན་འཁྱོངས་ལྷོད་མེད་བྱས་ནས་བྲོས་བྱོལ་དུ་འགྲོ་རིགས་ངེས་པར་དུ་རྗེས་འདེད་གཏོང་བ་དང་། ཕྱི་ཕྱོགས་སུ་བྲོས་བྱོལ་དུ་འགྲོ་མཁན་གབ་ས་མེད་པར་བྱས་ཏེ་ཕྱི་ཕྱོགས་སུ་བྲོས་ནས་ཐར་བ་སྟོང་བསམ་དང་བཀའ་ཁྲིམས་དང་ལེན་ཐབས་ལམ་འབའ་ཞིག་ཏུ་འགྱུར་བར་བྱ་རྒྱུ་ཡིན་ཞེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།