འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྲའན་ཤིས་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོང་ཚན་པའི་གྲངས་འབོར་1000ལྷག་ཙམ་ཟིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་30ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་23ཉིན། གསར་འགོད་པས་ཞིང་ཆེན་རིག་དངོས་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉིན་ཤས་གོང་ཧྲའན་ཤིས་ཞིང་ཆེན་གྱིས་ཧྲའན་ཤིས་ཞིང་ཆེན་གྱི་རིག་དངོས་སྲུང་སྐྱོང་ཚན་པ་ཁག་བདུན་པའི་གདམ་གསེས་དང་རེ་ཞུའི་ལས་དོན་ལེགས་གྲུབ་ཟིན་པ་དང་ད་བར་ཧྲའན་ཤིས་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོང་ཚན་པའི་གྲངས་འབོར་1000ལྷག་ཙམ་ཟིན་ཡོད་པ་རེད།
            1956ལོ་ནས་བཟུང་ཧྲའན་ཤིས་ཞིང་ཆེན་གྱིས་སྔ་རྗེས་སུ་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོང་ཚན་པ་ཁག་7ཡོངས་བསྒྲགས་བྱས་པ་དང་རིག་དངོས་སྲུང་སྐྱོང་ཚན་པ་ཡོངས་བསྒྲགས་བྱེད་པ་ནི་ཧྲའན་ཤིས་ཞིང་ཆེན་གྱི་རིག་གནས་ཀྱི་འཇམ་ཤུགས་ཆེ་རུ་གཏོང་བའི་རྨང་གཞི་གལ་ཆེན་ཞིག་རེད། རྒྱལ་ཡོངས་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་ཐེངས་གསུམ་པ་ལས་མངོན་པར་གཞིགས་ན། ཧྲའན་ཤིས་ལ་ད་ཡོད་སྤོ་མི་རུང་བའི་རིག་དངོས་ཁུལ་49058ཡོད་པ་དང་སྤྱི་འབོར་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་པ་དེའི་ནང་འཛམ་གླིང་རིག་གནས་ཤུལ་བཞག་ཁག་3དང་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ་235ཡོད། ཧྲའན་ཤིས་ཞིང་ཆེན་གྱི་རིག་དངོས་སྲུང་སྐྱོང་ཚན་པ་ཁག་བདུན་པ་ཡོངས་བསྒྲགས་མ་བྱས་གོང་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོང་ཚན་པ་851ལས་མེད་པ་དང་། ད་ཐེངས་ཀྱི་ཧྲའན་ཤིས་ཞིང་ཆེན་གྱི་རིག་དངོས་སྲུང་སྐྱོང་ཚན་པ་ཁག་བདུན་པ་ཡོངས་བསྒྲགས་བྱས་པ་དེས་ཧྲའན་ཤིས་ཀྱི་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོང་ཚན་པའི་གྲངས་འབོར་1000ལས་ཚད་བརྒལ་བྱུང་ནས་ཁུལ་1131འཕར་ཡོད་པ་རེད། 2015ལོ་ཚུན་དུ་ཧྲའན་ཤིས་ཞིང་ཆེན་རིག་དངོས་ཅུས་ཀྱིས་ཀྲུང་དབྱང་དང་ཞིང་ཆེན་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་བཀོད་སྒྲིག་གཞིར་བཟུང་སྔ་རྗེས་སུ་ཞིང་ཆེན་ཡོངས་ཀྱི་རྒྱང་སྐྱོད་ཀྱི་བརྗོད་དོན་གཙོ་བོའི་དྲན་གསོའི་སྒྲིག་བཀོད་དང་གནའ་ཤུལ། རྒྱང་སྐྱོད་དང་རི་འགོག་དམག་འཁྲུག་གི་རིག་དངོས་སོགས་གསར་བརྗེའི་རིག་དངོས་ཀྱི་ཆེད་དོན་བརྟག་དཔྱད་ལས་དོན་སྤེལ་བ་དང་། ད་ཐེངས་ཀྱི་ཡོངས་བསྒྲགས་བྱས་པའི་པའེ་ཕིང་ཧྲའན་ཀན་ཉིང་མཐའ་མཚམས་ས་ཁུལ་གྱི་བྱིས་པའི་བུ་རྫིའི་སློབ་ཆུང་པུའི་གནའ་ཤུལ་དང་། དམར་དམག་འབུམ་ཤོག་བཅོ་ལྔ་པའི་སྨན་ཁང་གི་གནའ་ཤུལ་སོགས་གསར་བརྗེའི་རིག་དངོས་ཁུལ་157ནི་སྐབས་རིམ་བྱུང་གི་གསར་བརྗེའི་རིག་དངོས་བརྟག་དཔྱད་བྱེད་སྐབས་ཤེས་རྟོགས་གལ་ཆེན་བྱུང་བ་ཞིག་ཡིན་པ་དང་། ད་ཐེངས་ཡོངས་བསྒྲགས་བྱས་པའི་ཧྲའན་ཤིས་ཞིང་ཆེན་རིག་དངོས་སྲུང་སྐྱོང་ཚན་པའི་བསྡོམས་འབོར་གྱི་55%ཙམ་བཟུང་ནས་གྲངས་འབོར་ཕྱེད་ཀ་ལྷག་ཙམ་ཟིན་པ་དེ་ལས། ཀྲུང་དབྱང་དང་ཞིང་ཆེན་གྱིས་ཧྲའན་ཤིས་ཞིང་ཆེན་ཁོངས་ཀྱི་གསར་བརྗེའི་རིག་དངོས་སྲུང་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གནང་བ་མཚོན་གྱི་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།