འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།པེ་ཅིང་ཞེ་ཧོ་སྨན་ཁང་གིས“རང་བརྟེན་རྣམ་པའི”སྨན་བཅོས་བོད་སྐྱོར་བྱེད་སྟངས་
    འཚོལ་ཞིབ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་26ཉིན། 10:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། པེ་ཅིང་ཞེ་ཧོ་སྨན་ཁང་གིས་སྣེ་ཁྲིད་དེ་སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་འགན་ཁུར་ཚུན་གྱི་ལོ་གསུམ་རིང་། རྣམ་པ་སྣ་ཚོགས་སྤྱད་དེ་དངོས་འབྲེལ“འཁྱེར་རྒྱུ་མེད་པའི”བོད་སྐྱོར་སྨན་བཅོས་རུ་ཁག་གཅིག་བཙུཌ་པས་ལོ་རེར་བོད་རིགས་ས་ཁུལ་གྱི་སྨན་པ་སྟོང་ཕྲག་ཁ་ཤས་ལ་ཕན་པ་ཐོབ་ཡོད།
         ལོ་རྒྱུས་དང་རང་བྱུང་ཆ་རྐྱེན་སོགས་ཀྱི་རྐྱེན་པས་བོད་ཀྱི་སྨན་བཅོས་ཆུ་ཚད་བལྟོས་བཅས་ཀྱིས་ཞན་ཙམ་ཡོད། 2015ལོ་ནས་བཟུང་པེ་ཅིང་ཞེ་ཧོ་སྨན་ཁང་གིས་སྣེ་ཁྲིད་པ་དང་། ཀྲུང་དབྱང་རྩ་འཛུགས་པུའུ་དང་། མི་སྤྱི་པུའུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་བཅས་ཀྱིས་སྒྲིག་འཛུགས་བྱས་པའི་སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་འགན་སྒྲུབ་འགོ་ཚུགས་ཤིང་། ལོ་གསུམ་རིང་ཁྱོན་ཁག་གསུམ་གྱི་ལས་སྒོའི་རྐང་འཛིན་མི་སྣ་29བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དུ“རང་བརྟེན་རྣམ་པའི”སྨན་བཅོས་རོགས་སྐྱོར་བྱེད་པར་མངགས་ཡོད།
         “རང་བརྟེན”ཐུབ་མིན་གྱི་འགག་རྩ་ནི་སྨན་བཅོས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་སྨན་བཅོས་འཇོན་ཐང་མཐོ་རུ་གཏོང་བར་ཐུག་ཡོད། པེ་ཅིང་ཞེ་ཧོ་སྨན་ཁང་གིས་རིག་གཞུང་བྱེད་སྒོ་སྤེལ་བ་དང་གསོ་སྦྱོང་སྤེལ་རེས་སོགས་ཀྱི་རྣམ་པ་སྣ་ཚོགས་སྤྱད་པའི་ཁར། ས་གནས་དེ་གའི་སྨན་བཅོས་ཤེས་ལྡན་མི་སྣའི་ཞབས་ཞུའི་འཇོན་ཐང་ཆེ་རུ་གཏོང་བ་དམ་འཛིན་བྱ་གཞིར་བྱས་ནས་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་སྨན་ཁང་གཞན་གྱི་སྨན་བཅོས་ཞབས་ཞུའི་ཆུ་ཚད་མཐོ་རུ་ཏན་ཏིག་བཏང་ཡོད།
         ངོ་སྤྲོད་བྱས་པར་གཞིགས་ན། ལོ་གསུམ་རིང་པེ་ཅིང་ཞེ་ཧོ་སྨན་ཁང་གིས“ཞེ་ཧོའི་སྒྲིག་སྲོལ་གཏན་འཁེལ”གྱི་བྱེད་སྟངས་སྤྱད་དེ་བོད་རང་སྐྱོང་ལྗོངས་སྦྲིད་སྨན་དང་བཤགས་བཅོས་ཁང་གི་སྤུས་ཚད་ཚོད་འཛིན་ལྟེ་གནས་དང་། བོད་རང་སྐྱོང་ལྗོངས་ནད་ལུགས་རྒྱང་ཁྲིད་ནད་བརྟག་ལྟེ་གནས། བོད་རང་སྐྱོང་ལྗོངས་ནད་ཐོག་སྨན་བཅོས་བརྟག་དཔྱད་ལྟེ་གནས་སོགས་སྔ་རྗེས་སུ་བཙུགས་པ་མ་ཟད། ད་དུང་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་ནད་ཐོག་སྨན་བཅོས་ལས་སྟེགས་ཚན་ཁག་འཛུགས་སྐྲུན་ལ་ཟམ་མི་ཆད་པར་ཤུགས་སྣོན་བརྒྱབ་སྟེ་དོ་དམ་ལེགས་སུ་གཏོང་བ་དང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ་སོགས་ཀྱི“རང་བརྟེན”འདུ་འགོད་ལ་ཕྱོགས་ཡོངས་ནས་སྐུལ་ཁྲིད་བྱས་པ་རེད།
         པེ་ཅིང་ཞེ་ཧོ་སྨན་ཁང་གི་ཁག་བཞི་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་རུ་ཁག་ཟླ་7ཚེས་28ཉིན་བོད་དུ་འབྱོར་རྒྱུ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། བོད་སྐྱོར་ལས་དོན་བསྒྲུབ་རྒྱུ་ནི་པེ་ཅིང་ཞེ་ཧོ་སྨན་ཁང་གི་སྲོལ་རྒྱུན་བཟང་པོ་ཞིག་རེད་ལ་རོགས་སྐྱོར་ལས་འགན་གྱི་ནང་གསེས་གལ་ཆེན་ཞིག་ཀྱང་རེད། དུས་རབས་20པའི་ལོ་རབས་50པར་ཁག་དང་པོའི་བོད་སྐྱོར་རུ་མི་པེ་ཅིང་ཞེ་ཧོ་སྨན་ཁང་གི་ཕྱི་བཅོས་ཚན་ཁག་གི་ཀྲུའུ་རེན་ཞུས་ལེ་ཐན་གྱིས་བཅིངས་འགྲོལ་དམག་དང་མཉམ་དུ་བོད་དུ་བསྐྱོད་ནས་བོད་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་མེད་པ་ནས་ཡོད་པའི་བར་དང་འཛུགས་སྐྲུན་འཕེལ་རྒྱས་ལ་གསར་གཏོད་རྣམ་པའི་ལེགས་སྐྱེས་ཕུལ་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།