འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་ནས་ཐོན་ལས་ཀྱི་ཚད་གཞིའི་མ་ལག་བཟོས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་26ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཚོང་འཕྲིན་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་7ཚེས་23ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་ནས་ཀྱི་ཐོན་ལས་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་བོད་ཀྱི་ནས་ཐོན་ལས་ཀྱི་ཚད་གཞིའི་མ་ལག་ཡོངས་བསྒྲགས་ཚོགས་འདུ་ལྷ་སར་འཚོགས་ཤིང་། ད་རེས་ཡོངས་བསྒྲགས་བྱས་པའི་ནས་ཐོན་ལས་ཀྱི་ཚད་གཞིར་ནས་འདེབས་པ་དང་། ལས་སྣོན། ཐོན་རྫས་བཅས་ཕྱིར་ཚོང་བཅས་བར་གྱི་ཐོན་ལས་འཁོར་སྦྲེལ་ཧྲིལ་པོའི་ཚད་གཞི་ཚུད་དེ་བོད་ཀྱི་ནས་ཀྱི་ཐོན་ལས་སྐྱོན་བྲལ་འཕེལ་རྒྱས་ལ་སྔར་བས་སྐུལ་མ་ཐེབས་རྒྱུ་རེད།
         ནས་ནི་བོད་ཀྱི་ལོ་ཏོག་གཙོ་བོ་དང་། ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་གཞི་རྩའི་འགན་ལེན། འབྲུ་རིགས་བདེ་འཇགས་འགན་ལེན་བྱེད་པའི་རྨང་གཞི་གལ་ཆེན་བཅས་རེད་ལ། འབྱུང་འགྱུར་ཐོན་འཕར་འབབ་འཕར་གྱི་ཐབས་ལམ་གལ་ཆེན་ཞིག་ཀྱང་རེད། ཤེས་རྟོགས་བྱུང་བར་གཞིགས་ན། 2017ལོ་བར་ལྗོངས་ཡོངས་སུ་ནས་ཐོན་སྐྱེད་ཁེ་ལས་30ལྷག་ཙམ་ཡོད་པ་དང་འཆར་འགོད་ལས་སྣོན་བྱེད་ཚད་ཏུན་ཁྲི་11ཙམ(བསྡོམས་རྩིས་རགས་ཙམ་བྱས་པ)ཟིན་པར། སྲོལ་རྒྱུན་གྱི་རྩམ་པ་འཆར་འགོད་ལས་སྣོན་ཐད་ལོར་ལས་སྣོན་བྱེད་ནུས་ནས་ཏུན་ཁྲི་2ཙམ་ཟིན་རུང་དངོས་སུ་ཏུན་ཁྲི་1.4ལས་ཕྱིན་མེད་པ་དང་། ཆང་རག་བསྙལ་བ་དང་ལས་སྣོན་བྱེད་ནུས་ཏུན་ཁྲི་6ཟིན་རུང་དངོས་སུ་ཏུན་ཁྲི་3ཙམ་ལས་ཕྱིན་མེད་པ་རེད། ལས་སྣོན་གཙོ་བོར་རྩམ་པ་དང་། ནས་ཆང་། ནས་ཀྱི་ཚུའུ། རྩམ་པའི་ཏན་ཞིམ། ནས་ཆག་སོགས་ཡོད།
         ཀུན་གྱིས་ཤེས་གསལ་ལྟར་བོད་ཀྱི་ནས་སྤུས་ཚད་ལེགས་པོ་ཡོད་མོད། འོན་ཀྱང་ནས་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་རིང་གནད་དོན་མང་པོ་གནས་པ་དཔེར་ན། ལས་སྣོན་བྱེད་ཐབས་སྟབས་བདེ་བ་དང་། ཚད་གཞིའི་མ་ལག་འཐུས་སྒོ་མི་ཚང་བ་སོགས་རེད། དེས་ན་ནས་ཀྱི་ཐོན་ལས་ས་མཐོ་ནས་ཐོན་ཏེ་ཀུན་གྱི་མཐོང་ལམ་དུ་འགྱུར་བར་བྱེད་པར་ཚད་གཞིའི་མ་ལག་དེ་སྤྱིར་ན་ཆེས་འགག་རྩ་ཞིག་ཏུ་གྱུར་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱི་ནས་ཐོན་ལས་ཀྱི་ཚད་གཞི་དེ་ནས་འདེབས་པ་དང་། ལས་སྣོན། ཐོན་རྫས་ཀྱི་ཐོན་ལས་འཁོར་སྦྲེལ་སོགས་སོ་སོ་ནས་ཚད་གཞི་ཁག་35གྲུབ་པ་ལས། འདེབས་པའི་ཚད་གཞི་ཁག་9དང་། ལས་སྣོན་གྱི་ཚད་གཞི་ཁག་7 ཐོན་རྫས་ཀྱི་ཚད་གཞི་ཁག་19ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།