འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་ཙམ་པབ་ཝེའི་གནམ་ཐང་ཆེ་ཤོས་རྒྱས་སྐྲུན་
    བསྐྱར་སྐྲུན་གྱི་ལས་གྲྭ་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་26ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་23ཉིན། ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་ཁུར་བའི་ཙམ་པབ་ཝེའི་གནམ་ཐང་ཆེ་ཤོས་ལུའོ་པོ་ཐེ·མུའུ་ཅཱ་པེ་རྒྱལ་སྤྱིའི་གནམ་ཐང་རྒྱས་སྐྲུན་བསྐྱར་སྐྲུན་ལས་གྲྭའི་འགོ་ཚུགས་མཛད་སྒོ་ཚེས་23ཉིན་རྒྱལ་ས་ཧ་ར་རེར་འཚོགས་ཤིང་། གནམ་ཐང་བསྐྲུན་རྗེས་ལོའི་ཡུལ་སྐོར་བ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་250ནས་མི་ཐེངས་ཁྲི་600བར་ཟིན་ནས་ས་ཁོངས་དེའི་མཁའ་འགྲུལ་གྱི་གལ་ཆེའི་ལྟེ་གནས་སུ་འགྱུར་རྒྱུ་རེད།
         རྣམ་གྲངས་སྐྲུན་མཁན་ཀྲུང་གོའི་ཅང་སུའུ་རྒྱལ་སྤྱིའི་དཔལ་འབྱོར་ལག་རྩལ་མཉམ་ལས་ཚོགས་པ་ཚད་ཡོད་ཀུང་སིས་ངོ་སྤྲོད་བྱས་པར་གཞིགས་ན། གནམ་ཐང་དེར་ཁྱོན་ཨ་སྒོར་དུང་ཕྱུར་1.53བཏང་བ་དང་ཨར་ལས་ཀྱི་དུས་ཡུན་ཟླ་36ཡིན་པ་རེད། དེའི་ནང་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་3000ཡོད་པའི་སྐུ་མགྲོན་གཙོ་བོའི་གནམ་གྲུ་སྒུག་སའི་ཐོག་བརྩེགས་ཁང་སྐྲུན་རྒྱུ་དང་། སྨི་ངོས་གྲུ་ཁྲི་3.5ཡོད་པའི་རྒྱལ་སྤྱིའི་ཚད་ལྡན་གནམ་གྲུ་སྒུག་སའི་ཐོག་བརྩེགས་ཁང་གསར་པ་དང་སྨི་ངོས་གྲུ་ཁྲི་2ལྷག་ཙམ་ཡོད་པའི་གནམ་གྲུ་འཇོག་ས་རྒྱས་སྐྲུན་བྱ་རྒྱུ། ད་ཡོད་ཀྱི་གནམ་གྲུའི་རྒྱུག་ལམ་དང་། གནམ་གྲུ་འཇོག་ས། རླངས་འཁོར་འཇོག་ས། ད་ལྟའི་གནམ་གྲུ་སྒུག་སའི་ཐོག་བརྩེགས་ཁང་བཅས་ཉམས་གསོ་བྱ་རྒྱུ། གནམ་ཐང་གི་འཕྲིན་གཏོང་དང་། ཕྱོགས་སྟོན། གློག་འོད། ལྟ་སྐུལ་ཚོད་འཛིན་དང་མཁའ་འགྲུལ་དོ་དམ་མ་ལག་བཅས་ལེགས་སུ་གཏོང་རྒྱུ་ཡིན་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།