འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཁྱིམ་སྤྱོད་གློག་ཆས་དང་གློག་རྡུལ་སྤུས་རྟགས་པར་ཙིར་དུ་འགྲེམས་སྟོན་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་26ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་23ཉིན། སྐབས་ལྔ་པའི་ཀྲུང་གོའི་ཁྱིམ་སྤྱོད་གློག་ཆས་དང་གློག་རྡུལ་སྤུས་རྟགས་འགྲེམས་སྟོན་ཚེས་23ཉིན་པར་ཙིར་གྱི་གྲོང་ཁྱེར་ཧྲེང་པའོ་ལུའོ་རུ་འཚོགས་ནས། ཀྲུང་གོའི་ཁྱིམ་སྤྱོད་གློག་ཆས་དང་འཛད་སྤྱོད་གློག་རྡུལ་ལས་རིགས་ཀྱི་འཕེལ་ཕྱོགས་དང་གྲུབ་འབྲས་གསར་ཤོས་གཅིག་སྡུད་ཐོག་མངོན་པར་བྱས་པ་རེད།
         སྐབས་འདིའི་སྤུས་རྟགས་འགྲེམས་སྟོན་དེ་ཀྲུང་གོ་ཚོང་དོན་པུས་གཙོ་གཉེར་བྱས་པ་དང་། ཚོང་དོན་པུའི་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ལས་དོན་ཅུས་དང་ཀྲུང་གོ་གློག་འཕྲུལ་ཐོན་རྫས་ཕྱིར་གཏོང་ནང་འདྲེན་ཚོང་ཚོགས་ཀྱིས་མཉམ་གཉེར་བྱས་པ་ཞིག་ཡིན། འགྲེམས་སྟོན་ནང་ཀྲེ་ཅང་དང་། ཀོང་ཏུང་། ཅང་སུའུ་སོགས་ཞིང་ཆེན་དང་གྲོང་ཁྱེར་གྱི་ཁེ་ལས་118ཞུགས་ཡོད་པ་དང་འགྲེམས་དངོས་ནང་ཁྱིམ་སྤྱོད་གློག་ཆས་དང་། གློག་རྡུལ་འཛད་སྤྱོད་དངོས་རྫས། ཁྱིམ་ཚང་གི་མཁོ་ཆས་དང་ལག་རྟགས་སོགས་ཀྱི་ཁྱབ་ཁོངས་ཚུད་ཡོད་པ་རེད།
         ཚོང་དོན་པུའི་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ལས་དོན་ཅུས་ཀྱི་ཅུས་ཀྲང་ཝུའུ་ཀྲེང་ཕེང་གིས་ཀྲུང་གོའི་ཁྱིམ་སྤྱོད་གློག་ཆས་དང་གློག་རྡུལ་སྤུས་རྟགས་ཀྱི་འགྲེམས་སྟོན་འཚོགས་ཚུན་འགྲེམས་སྟོན་ནང་ཞུགས་མཁན་ཁེ་ལས་ཉིན་བཞིན་མང་དུ་ཕྱིན་པར་བརྟེན་ཀྲུང་གོའི་ཁྱིམ་སྤྱོད་གློག་ཆས་དང་གློག་རྡུལ་སྤུས་རྟགས་ཀྱིས་པར་ཙིར་དང་ཐ་ན་ལ་ཏིང་མེ་གླིང་གི་ཁྲོམ་ར་རྒྱ་སྐྱེད་གཏོང་རྒྱུ་དང་། ཤུཌ་རྐྱེན་ནུས་པ་ཆེ་རུ་གཏོང་རྒྱུ། ཀྲུང་གོའི་རང་བརྟེན་སྤུས་རྟགས་ཀྱི་གཟུགས་བརྙན་འཛུཌ་རྒྱུ་བཅས་ལ་ནུས་པ་གལ་ཆེན་ཐོན་ཡོད་ཅེས་ངོ་སྤྲོད་བྱས།
      

    ཕྱོགས་བསྡུས་གསར་འགྱུར།