འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་གློག་བརྙན་གྱི་རྒྱུན་གནས་གློག་བརྙན་ཁང་ཧྥུའུ་ཧྲན་ཁང་དུ་སྒོ་ཕྱེ་བའི་མཛད་སྒོ་
    འཚོགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་26ཉིན། 10:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་24ཉིན། ཀྲུང་གོའི་གློག་བརྙན་གྱི་རྒྱུན་གནས་གློག་བརྙན་ཁང་ཧྥུའུ་ཧྲན་ཁང་སྒོ་ཕྱེ་བའི་མཛད་སྒོ་དེ་ཧན་གོའི་ཧྥུའུ་ཧྲན་གློག་བརྙན་ཚོམས་ཆེན་གྱི་ཟློས་གར་ཁང་ཆུང་དུ་འཚོགས་པ་རེད།
         ཧྥུའུ་ཧྲན་དུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་བ་ཀུའོ་ཕེང་དང་། ཧན་གོར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་རིག་གནས་ཚན་ཙན་དང་ཧྲོའར་ཀྲུང་གོ་རིག་གནས་ལྟེ་གནས་ཀྱི་ཀྲུའུ་རེན་གཅིག་ལྕོགས་ཀྲང་ཀྲུང་ཧྭ། ཧྥུའུ་ཧྲན་གློག་བརྙན་ཚོམས་ཆེན་གྱི་ལས་ཚབ་ལས་འཛིན་ཚུའེ་ཀྲེན་ཧྭ་བཅས་སྒོ་ཕྱེ་བའི་མཛད་སྒོར་ཞུགས་པ་མ་ཟད་ཧྥུའུ་ཧྲན་གྱི་གྲོང་མི་200ལྷག་ཀྱང་ཞུགས་ཡོད་པ་རེད།
         ཀུའོ་ཕེང་གིས་ཤིས་ཚིག་ནང་། ཧྥུའུ་ཧྲན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ནི་ཧྥུའུ་ཧྲན་གྲོང་ཁྱེར་གྱི་མིང་བྱང་ལྟ་བུ་ཞིག་ཡིན། ལོ་མང་རིང་། གློག་བརྙན་ཚོམས་ཆེན་དེ་གློག་བརྙན་དུས་ཆེན་འཚོག་ཡུལ་གཙོ་བོ་ཡིན་པའི་ཆ་ནས། ཨེ་ཤེ་ཡའི་གློག་བརྙན་འཛམ་གླིང་ཕྱོགས་སུ་བསྐྱོད་རྒྱུར་ལས་སྟེགས་གལ་ཆེན་མཁོ་འདོན་བྱས་ཡོད། དེ་རིང་། ཀྲུང་གོའི་གློག་བརྙན་གྱི་རྒྱུན་གནས་གློག་བརྙན་ཁང་ཧྥུའུ་ཧྲན་ཁང་བཙུགས་པ་འདིས། ཧན་གོའི་ལིན་ནན་ས་ཁུལ་གྱི་མི་དམངས་ལ་ཀྲུང་གོའི་གློག་བརྙན་བརྩམས་ཆོས་དང་འཕེལ་རྒྱས་ཀྱི་ཉམས་འགྱུར་ངོ་སྤྲོད་བྱེད་ཐུབ་པ་མ་ཟད། ད་དུང་ཀྲུང་ཧན་ཕྱོགས་གཉིས་ཀྱི་གློག་བརྙན་རིག་གནས་སྤེལ་རེས་བྱེད་ཤུགས་ཀྱང་སྔར་བས་ཆེ་རུ་གཏོང་བ་དང་གློག་བརྙན་ཐོན་ལས་མཉམ་ལས་ལ་སྐུལ་ཁྲིད་ཐེབས་ནས་དམངས་ཁྲོད་ཀྱི་མཛའ་གྲོགས་འབྲེལ་བ་སྔར་བས་ཟབ་ཏུ་འགྲོ་རྒྱུ་རེད་ཅེས་གསུངས་པ་རེད།
         ཀྲུང་གོའི་གློག་བརྙན་གྱི་རྒྱུན་གནས་གློག་བརྙན་ཁང་ནི་ཧྲོའར་ཀྲུང་གོ་རིག་གནས་ལྟེ་གནས་ཀྱིས་2016ལོའི་ཟླ་བཞི་པར་གཉེར་འགོ་ཚུགས་ཤིང་། རྣམ་གྲངས་དེ་ནི་ཧན་གོའི་ས་གནས་དེ་རང་གི་རིག་གནས་སྒྲིག་གཞིས་ས་ཆ་དང་གཉེར་སྐྱོང་ཚོགས་པ་མཁོ་འདོན་བྱས་པ་དང་། ཧྲོའར་ཀྲུང་གོ་རིག་གནས་ལྟེ་གནས་ཀྱིས་བསྟན་བྱའི་གློག་བརྙན་མཁོ་འདོན་བྱས་ནས། རྒྱུན་གནས་ཆེད་སྤྱོད་ཁང་བཏོད་དེ་དུས་བཀག་ལྟར་ཀྲུང་གོའི་ཕུལ་བྱུང་གློག་བརྙན་སྟོན་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།