འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ(བོད་ལྗོངས)དང་ནེ་པ་ལའི་ཡུལ་སྐོར་མཉམ་འབྲེལ་མཐུན་སྦྱོར་ཨུ་ཡོན་ལྷན་
    ཁང་གི་ཚོགས་འདུ་ཐེངས་བཅུ་པ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་26ཉིན། 10:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཀྲུང་གོ(བོད་ལྗོངས)དང་ནེ་པ་ལའི་ཡུལ་སྐོར་མཉམ་འབྲེལ་མཐུན་སྦྱོར་ཨུ་ཡོན་ལྷན་ཁང(གཤམ་དུ་ཀྲུང་ནེ་ཡུལ་སྐོར་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་ཞེས་བསྡུ་རྒྱུ)གི་ཚོགས་འདུ་ཐེངས་བཅུ་པ་ཚེས་23ཉིན་ལྷ་སར་འཚོགས་པ་རེད།
         བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་དྲུང་ཆེ་གཞོན་པ་ཟླ་བ་ཚེ་རིང་གིས་ཚོགས་འདུའི་ཐོག་ནེ་པ་ལ་ནི་ཀྲུང་གོའི་སྲོལ་རྒྱུན་གྱི་མཛའ་གྲོགས་ཁྱིམ་མཚེས་རྒྱལ་ཁབ་ཅིག་ཡིན་པ་དང་ཀྲུང་ནེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་དྲུག་ཅུ་རེ་གསུམ་སོང་རིང་ཕྱོགས་གཉིས་པོའི་མཛའ་གྲོགས་མཉམ་ལས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་ཡོད། ནེ་པ་ལ་ནི་སྔར་རྒྱུན་བཞིན་ཕྱི་རྒྱལ་གྱི་ཡུལ་སྐོར་བ་ཀྲུང་གོའི་བོད་ལྗོངས་སུ་ཡུལ་སྐོར་དུ་ཡོང་སའི་བསྡུ་འགྲེམས་ལྟེ་གནས་གལ་ཆེན་ཞིག་རེད། 2001ལོར་ནེ་པ་ལ་འདི་ཉིད་ཀྲུང་གོའི་སྤྱི་དམངས་ཀྱི་ཡུལ་སྐོར་བྱ་ཡུལ་དུ་གྱུར་ཚུན་ཀྲུང་གོའི་སྤྱི་དམངས་ནེ་པ་ལར་ཡུལ་སྐོར་དུ་བསྐྱོད་མཁན་ལོ་རེ་བཞིན་མང་དུ་ཕྱིན་ཡོད་ལ་ཀྲུང་གོའི་བོད་ལྗོངས་བརྒྱུད་ནེ་པ་ལར་ཡུལ་སྐོར་དུ་བསྐྱོད་མཁན་གྱི་ཀྲུང་གོའི་ཡུལ་སྐོར་བའང་དེ་བས་མང་དུ་ཕྱིན་ཡོད་ཅེས་བཤད།
         ཟླ་བ་ཚེ་རིང་གིས་ཀྲུང་ནེ་རྒྱལ་ཁབ་གཉིས་པོས་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་པར་བརྟེན་གཉིས་ཁེ་གཉིས་ཕན་དང་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་གྲོགས་འབྲེལ་བ་མུ་མཐུད་འཕེལ་རྒྱས་ཕྱིན་ནས་རི་བོ་ཧི་མ་ལ་ཡའི་ལྷོ་རྒྱུད་དང་བྱང་རྒྱུད་ཀྱི་མི་དམངས་རྣམས་ཁྱིམ་ཚང་གཅིག་ལྟར་འཆམ་པོ་ཡོད། འདི་ལོ་ནི་ཀྲུང་ནེ་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་63འཁོར་བའི་ལོ་ཞིག་ཡིན་པས་ཀྲུང་ནེ་ཡུལ་སྐོར་མཉམ་འབྲེལ་མཐུན་སྦྱོར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་པ་འཚོགས་པ་དེས་ཀྲུང་གོའི་བོད་ལྗོངས་དང་ནེ་པ་ལའི་དབར་གྱི་ཡུལ་སྐོར་མཉམ་ལས་དང་སྤེལ་རེས་ལ་སྔར་བས་ཤུགས་སྣོན་ཐེབས་རྒྱུ་དང་ཕྱོགས་གཉིས་པོའི་ཡུལ་སྐོར་ཐོན་ཁུངས་ཀྱི་ལེགས་ཆ་ཡང་བསྡུ་སྒྲིལ་ཐུབ་ནས་ཕྱོགས་གཉིས་པོའི་ཡུལ་སྐོར་མཉམ་ལས་ལ་དེ་བས་གཉིས་ཁེ་གཉིས་ཕན་མངོན་འགྱུར་ཐུབ་རྒྱུ་རེད་ཅེས་བཤད། 
      

    ཕྱོགས་བསྡུས་གསར་འགྱུར།