འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ལེའོ་ཉིང་གིས་མ་དངུལ་རོགས་སྐྱོར་བྱ་ཐབས་སྣ་ཚོགས་སྤྱད་དེ་དཔལ་འབྱོར་ལ་དཀའ་
    ངལ་ཡོད་པའི་མཐོ་སློབ་སློབ་མའི་སློབ་ཞུགས་ལ“སེམས་ཁྲལ་མེད་པ་གསུམ”
    འགན་ལེན་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་26ཉིན། 10:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། མིག་སྔར། མཐོ་སློབ་སློབ་བསྡུའི་ལས་དོན་སྤེལ་བཞིན་ཡོད་པ་དང་འབྲེལ་སློབ་མ་གསར་པ་ཁག་གཅིག་སློབ་ཆེན་དུ་སྐྱོད་འགོ་ཚུགས་ཡོད་པ་རེད། མཐོ་སློབ་སློབ་གསོའི་དུས་མཚམས་སུ་ལེའོ་ཉིང་ཞིང་ཆེན་གྱིས་རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་དང་། ཞིང་ཆེན་སྲིད་གཞུང་གི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ། རྒྱལ་ཁབ་ཀྱི་སློབ་སྐྱོར་དངུལ། རྒྱལ་ཁབ་ཀྱི་སློབ་སྐྱོར་དངུལ་བུན། ལས་སློབ་གཉིས་བརྩོན། སློབ་ཡོན་རྩ་ཆག ལྗང་མདོག་བགྲོད་ལམ་སོགས་བྱ་ཐབས་སྣ་ཚོགས་སྤྱད་དེ་ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་མཐོ་སློབ་སློབ་མའི་སློབ་ཞུགས་ཐད“སེམས་ཁྲལ་མེད་པ་གསུམ”འགན་ལེན་བྱས་པ་སྟེ། སློབ་ཞུགས་གོང་སེམས་ཁྲལ་མེད་པ་དང་། སློབ་ཞུགས་སྐབས་སེམས་ཁྲལ་མེད་པ། སློབ་ཞུགས་རྗེས་སེམས་ཁྲལ་མེད་པ་བཅས་རེད།
         ལེའོ་ཉིང་ཞིང་ཆེན་སློབ་གསོ་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། སློབ་ཞུགས་གོང་མཐོ་སློབ་ཁག་གི་སློབ་མ་བསྡུ་བའི་བརྡ་ཐོའི་ཡི་གེ་སྤྲོད་སྐབས་ནོར་སྲིད་པུའི་ཚན་སློབ་སི་དང་། སློབ་གསོ་པུའི་ནོར་དོན་སི། རྒྱལ་ཡོངས་སློབ་མའི་མ་དངུལ་རོགས་སྐྱོར་དོ་དམ་སྡེ་གནས་བཅས་ཀྱིས་སྒྲིག་བཟོ་བྱས་པའི་《ཁྱོད་ཀྱི་ཕུགས་འདུན་འགྲུབ་རྒྱུར་རྒྱལ་ཁབ་ཀྱིས་མ་དངུལ་ཐད་ནས་རོགས་སྐྱོར་བྱེད། མཐོ་སློབ་ཀྱི་དངོས་གཞི་དང་ཆེད་ཚན་ཚན་ཁག་གི་སློབ་མར་མ་དངུལ་ཐད་ནས་རོགས་སྐྱོར་བྱེད་པའི་སྲིད་ཇུས་ངོ་སྤྲོད་མདོར་བསྡུས་》ཞེས་པ་བསྐུར་བ་དང་། ངོ་སྤྲོད་མདོར་བསྡུས་ལ་བལྟས་རྗེས་སློབ་མ་ཚོས་མཐོ་སློབ་ཀྱི་མ་དངུལ་ཐད་ཀྱི་རོགས་སྐྱོར་སྲིད་ཇུས་དང་རེ་ཞུའི་གོ་རིམ་ཤེས་རྟོགས་ཞིབ་ཕྲ་ཐུབ་ཀྱི་ཡོད། ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་སློབ་མས་ས་གནས་དེ་གའི་རྫོང(གྲོང་ཁྱེར་དང་ཆུས)རིམ་པའི་སློབ་མའི་མ་དངུལ་རོགས་སྐྱོར་དོ་དམ་སྡེ་ཚན་ནས་སློབ་མའི་ཐེམ་ཐོ་གནས་སའི་ཡིད་རྟོན་སློབ་སྐྱོར་དངུལ་བུན་གྱི་འགྲོ་ལུགས་གཉེར་ཆོག་པ་དང་། སློབ་གྲྭར་སྡོད་རིང་གི་སྐྱེད་ཀ་ཚང་མ་རྒྱལ་ཁབ་ཀྱིས་འགན་འཁུར་རྒྱུ་ཡིན་པས་སློབ་མ་རང་ཉིད་ཀྱིས་སྐྱེད་ཀ་སྤྲོད་དགོས་ཀྱི་མེད་པ་རེད།
         སློབ་མ་གསར་པ་སློབ་གྲྭར་ཞུགས་སྐབས་སློབ་གྲྭ་དེ་ནས“ལྗང་མདོག་བགྲོད་ལམ”རེ་ཞུ་བྱེད་ཆོག་ཅིང་། ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་སློབ་མས་《མཐོ་སློབ་སློབ་མར་མ་དངུལ་ཐད་ནས་རོགས་སྐྱོར་བྱེད་པའི་སྲིད་ཇུས་ངོ་སྤྲོད་མདོར་བསྡུས་》ཁྲོད་ཀྱི་ཁྱིམ་ཚང་གི་གནས་ཚུལ་བརྟག་དཔྱད་རེའུ་མིག་དྲང་པོ་དྲང་གཞག་ངང་འབྲི་དགོས་པ་དང་། ས་གནས་དེ་གའི་ཤང་དང་གྲོང་རྡལ(ཁྲོམ་གཞུང)དམངས་སྲིད་སྡེ་ཚན་དང་། གྲོང་ཚོ(སྡེ་ཁུལ)ཨུ་ལྷན། དེ་སྔའི་སློབ་སྦྱོང་བྱེད་སའི་མཐོ་རིམ་སློབ་འབྲིང་བཅས་ཚན་པ་གང་རུང་ནས་དཔྱད་ཞིབ་ཐེལ་ཙེ་རྒྱག་དགོས་པ་དང་། འབྱོར་ཐོ་འགོད་སྐབས་རེའུ་མིག་དེ་ཁྱེར་ནས་སློབ་གྲྭའི“ལྗང་མདོག་བགྲོད་ལམ”བརྒྱུད་སློབ་ཞུགས་འབྱོར་ཐོ་འགོད་ཆོག་གི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།