འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།རིགས་གཅིག་མཁས་ཅན་གྱིས་མཚོ་བོད་ས་མཐོའི་གསའ་འཚོ་སྡོད་ཀྱི་ཁོར་ཡུག་ཡག་པོ་ཡོད་
    ཀྱང་ཕྱིས་འབྱུང་ཉམས་ཉེན་འཕྲད་སྲིད་པའི་ངོས་འཛིན་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་21ཉིན། 11:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་18ཉིན་སྣོད་བཅུད་རིགས་གཅིག་མཁས་ཅན་གྱིས་མཚོ་སྔོན་གྱི་གཙང་གསུམ་ཆུ་འགོའི་ས་ཁུལ་དུ་གཉེར་བའི“གསའ་དང་མཉམ་དུ་སྐྱོད”ཅེས་པའི་རྒྱལ་སྤྱིའི་གསའ་དང་གཟིག་ཁྲ་ཞིབ་འཇུག་སྲུང་སྐྱོང་གླེང་སྟེགས་ཐོག རང་རྒྱལ་གྱི་ས་རྒྱ་ཆེན་པོ་ཡོད། ནུབ་རྒྱུད་དང་ལྷག་པར་དུ་མཚོ་བོད་ས་མཐོར་ཁུལ་ཆེན་པོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཕུན་སུམ་ཚོགས་པའི་མི་མེད་ཁུལ་ཁྱབ་པ་དེ་ནི་གསའ་འཚོ་སྡོད་ཀྱི་དགའ་ཚལ་ཞིག་རེད། འོན་ཀྱང་ཕུགས་ལ་ཕྱོགས་སྐབས་གསའ་འཚོ་སྡོད་ཁོར་ཡུག་ཉམས་ཞན་དུ་འགྲོ་བ་དང་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་སོགས་ཀྱི་ཉེན་ཁ་འཕྲད་སྲིད་ཅེས་བཤད།
        པེ་ཅིང་སློབ་ཆེན་སྐྱེ་དངོས་སྲུང་སྐྱོང་རིག་པའི་དགེ་རྒན་ཆེ་མོ་བ་པེ་ཅིང་རི་ཆུ་རང་བྱུང་སྲུང་སྐྱོང་ལྟེ་གནས་ཀྱི་སྲོལ་གཏོད་མཁན་ལུའེ་ཀྲིས། ད་ཡོད་ཀྱི་འབྲེལ་ཡོད་ཞིབ་འཇུག་ཁ་ཤས་ལས། རང་རྒྱལ་གྱི་བརྟག་དཔྱད་བྱས་ཟིན་པའི་ས་ཁོངས་འགའ་ཤས་ཀྱི་གསའི་ཁྱུ་ཚོགས་གྲངས་འབོར་བརྟན་པོ་ཡོད་པས་འཚོ་སྡོད་ཁུལ་གྱི་ཁོར་ཡུག་ཀྱང་དགའ་འོས་པ་ཞིག་ཡོད། ནུབ་རྒྱུད་ས་ཁུལ་དང་ལྷག་པར་དུ་མཚོ་བོད་ས་མཐོའི་གཙང་གསུམ་ཆུ་འགོ་དང་། ཁུ་ཁུ་ཤིས་རི། བྱང་ཐང་སོགས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་མིག་སྔར་གསའ་ལ་ཕུན་སུམ་ཚོགས་པའི་ཟས་རིགས་ལྡན་པས་རང་མོས་ངང་རིགས་རྒྱུད་སྐྱེ་འཕེལ་བྱེད་ཐུབ། འོན་ཀྱང་འབྱུང་འགྱུར་ལ་ཕྱོགས་སྐབས་རྒྱུ་རྐྱེན་མང་པོའི་ཤུགས་རྐྱེན་ཕོག་སྟབས་འབྲེལ་ཡོད་ཀྱི་ཉམས་ཉེན་སྔར་བཞིན་འཕྲད་བཞིན་ཡོད་ཅེས་བཤད།
         ཀྲུང་གོ་ནགས་ལས་ཚན་རིག་ཞིབ་འཇུག་ཁང་ནགས་ཚལ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ལི་ཏི་ཆང་གིས། ཉེ་བའི་ལོ་ཤས་རིང་ཚན་ཞིབ་མི་སྣས་མཚོ་སྔོན་དང་། བོད་ལྗོངས། ཀན་སུའུ་བཅས་ས་ཆ་གསུམ་ལ་གསའ་འཚོ་གནས་ཀྱི་ཁོར་ཡུག་ལ་བརྟག་དཔྱད་བྱས་པ་དང་ཆབས་ཅིག འབྲེལ་ཡོད་བཤང་གཅིའི་མ་དཔེ་འཚོལ་བསྡུ་བྱས་ནས་ཁྱུ་ཚོགས་རྒྱུད་འཛིན་རིག་པའི་དབྱེ་ཞིབ་བྱས་པའི་འབྲས་བུ་ལས་ས་ཆ་གསུམ་གྱི་གསའ་གཟིག་ཁྱུ་ཚོགས་ལ་མངོན་གསལ་དོད་པའི་རྒྱུད་འཛིན་གྱི་ཧེ་བག་ལྡན་པ་དེ་ནི་ས་ཁམས་ལོགས་བཀར་ལས་བྱུང་བ་ཞིག་རེད་ཅེས་བཤད།
         “འབྱུང་འགྱུར། མིའི་རིགས་ཀྱིས་བྱེད་སྒོ་སྤེལ་བ་ལས་གསའི་འཚོ་སྡོད་ཁོར་ཡུག་ཉམས་ཞན་དུ་འགྲོ་བ་སོགས་ཀྱི་ཉེན་ཁ་འཕྲད་རྒྱུ་ཡིན་པར་བརྟེན་ང་ཚོས་རྐྱེན་མ་བྱུང་གོང་ནས་བཟློག་དགོས”ཞེས་ལི་ཏི་ཆང་གིས་བཤད་པ་དང་། ཁོང་གིས་ཚན་ཞིབ་མི་སྣས་ཉེ་དུས་འབྲེལ་ཡོད་གཞི་གྲངས་འཚོལ་བསྡུ་བྱས་པར་གསའ་ཁྱབ་ཚུལ་དང་དྲོད་ཚད་དང་ཆར་ཆུ་འབབ་ཚད་སོགས་ཁོར་ཡུག་འགྱུར་ཚད་དབར་གྱི་འབྲེལ་བ་ཤེས་ཡོད། མ་དབྱེར་དབྱེ་ཞིབ་བྱས་ནས་སྔོན་དཔག་བྱས་པར། 2055ལོར་སླེབས་སྐབས་གོ་ལ་ཧྲིལ་པོའི་གནམ་གཤིས་དྲོད་བཤེར་ཅན་གྱི་རྒྱབ་ལྗོངས་ཆེན་པོའི་འོག་གཙང་གསུམ་ཆུ་འགོའི་ས་ཁུལ་ཁོ་ནར་གསའ་འཚོ་གནས་དང་འཚམ་པའི་ཁོར་ཡུག་རྒྱ་ཁྱོན་36.8%ཆུང་དུ་འགྲོ་རྒྱུ་རེད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།