འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།“ཨ་ཧྥེ་རི་ཁར་འོད་སྣང་སྦྱིན”ཞེས་པའི་རྣམ་གྲངས་ཀྱི་འགོ་འཛུགས་མཛད་སྒོ་ཐན་
    ཙན་ནི་ཡར་གཉེར་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་21ཉིན། 11:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་18ཉིན། ཀྲུང་གོའི་ཞི་བདེ་འཕེལ་རྒྱས་ཐེབས་རྩ་ཚོགས་པ་དང་ཐན་ཙན་ནི་ཡའི་ཀྲུང་གོ་མཛའ་གྲོགས་མཐུན་ཚོགས་ཀྱིས་ཚེས་18ཉིན་ཏ་རེ་སི་ས་ལམ་དུ“ཨ་ཧྥེ་རི་ཁར་འོད་སྣང་སྦྱིན”ཞེས་པའི་ཐན་ཙན་ནི་ཡ་ས་ཚིགས་ཀྱི་རྣམ་གྲངས་ཀྱི་འགོ་འཛུགས་མཛད་སྒོ་གཉེར་བ་རེད། ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ཡི་པུའུ་ཀྲང་སུང་ཐའོ་དང་། ཐན་ཙན་ནི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཝང་ཁེ། ཐན་ཙན་ནི་ཡའི་ཙུང་ལི་ཟུར་པ་ཐན་ཀྲུང་མཛའ་གྲོགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་ས་ལི་མུའུ། དེ་བཞིན་ཐན་ཙན་ནི་ཡའི་ལས་རིགས་ཁག་གི་མང་ཚོགས་བཅས་མི་800ལྷག་བྱེད་སྒོའི་ནང་ཞུགས་ཡོད་པ་རེད།
         “ཨ་ཧྥེ་རི་ཁར་འོད་སྣང་སྦྱིན”ཞེས་པའི་རྣམ་གྲངས་དེ་ཀྲུང་གོ་ཞི་བདེ་འཕེལ་རྒྱས་ཐེབས་རྩ་ཚོགས་པ་དང་། ཀྲུང་གོ་དམངས་ཁྲོད་རྩ་འཛུགས་རྒྱལ་སྤྱིའི་སྤེལ་རེས་སྐུལ་སྤེལ་ཚོགས་པ། ཀྲུང་གོའི་ཁེ་ལས་བཅས་ཀྱིས་མཉམ་དུ་བཙུགས་པའི་ཨ་ཧྥེ་རི་ཁའི་དམངས་འཚོའི་སྤྱི་ཕན་གྱི་རྣམ་གྲངས་ཤིག་ཡིན་པ་དང་། དེའི་དམིགས་ཡུལ་ནི་ཨ་ཧྥེ་རི་ཁའི་དགོས་མཁོ་ཆེ་བའི་རྒྱལ་ཁབ་ལ་སྒུལ་བདེའི་ནུས་རྒྱུའི་སྒྲིག་ཆས་ཞལ་འདེབས་བརྒྱབ་ནས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་མང་ཚོགས་ཀྱི་གཞི་རྩའི་གློག་སྒྲོན་དང་ཁྱིམ་ཚང་གི་གློག་མི་འདང་བའི་དཀའ་ངལ་སེལ་ཆེད་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།