འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོས་ནེ་པ་ལར་རྒྱུད་འདྲེས་མ་རྨོས་ལོ་ཏོག་གི་ལག་རྩལ་བསླབས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་21ཉིན། 11:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་17ཉིན་ནེ་པ་ལའི་རྒྱུད་འདྲེས་མ་རྨོས་ལོ་ཏོག་གི་ཕྱོགས་བསྡུས་ལག་རྩལ་གསོ་སྦྱོང་འཛིན་གྲྭ་ནེ་པ་ལའི་རྒྱལ་སར་དངོས་སུ་འཚོགས་པ་དང་ཀྲུང་ནེ་རྒྱལ་ཁབ་གཉིས་ནས་ཡོང་པའི་སྲིད་གཞུང་གི་དཔོན་རིགས་དང་། ལག་རྩལ་རིགས་གཅིག་མཁས་ཅན། ནེ་པ་ལ་ཕྱོགས་ཀྱི་སློབ་མ་སོགས་འཛིན་གྲྭ་འཚོགས་པའི་མཛད་སྒོར་ཞུགས་པ་རེད།
         2015ལོའི་ཟླ་4པར་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གིས་བརྗེ་ཡིག་ལ་མིང་རྟགས་བཀོད་དེ་ཀྲུང་གོས་ནེ་པ་ལའི་ཞིང་ལས་ལག་རྩལ་མཉམ་ལས་ལ་རོགས་སྐྱོར་བྱེད་པའི་རྣམ་གྲངས་ཀྱི་འགན་ཁུར་བའི་ནང་རྒྱུད་འདྲེས་ཆུ་འབྲས་དང་མ་རྨོས་ལོ་ཏོག་གི་ས་བོན་ཚོད་ལྟ་དང་དེ་བཞིན་དཔེ་སྟོན་ཁྱབ་གདལ་དང་འབྲེལ་ཡོད་ལག་རྩལ་གསོ་སྦྱོང་བྱ་རྒྱུ་དེ་ནང་དོན་གལ་ཆེན་ཡིན་པ་རེད།
         གསོ་སྦྱོང་འཛིན་གྲྭ་དེ་ཡོན་ལུང་ཕིང་ཚན་རྩལ་མཐོ་བའི་མ་རྐང་ཚད་ཡོད་ཀུང་སི་དང་ནེ་པ་ལའི་ཞིང་ལས་དང་ས་ཆ་དོ་དམ་མཉམ་ལས་པུའུ་ཡིས་ཐུན་མོང་ཐོག་སྒྲུབ་འགན་ཁུར་ནས་དུས་ཡུན་ཉིན་46འགོར་བ་དང་སློབ་མ་35ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། རིགས་པའི་གཞུང་ལུགས་ཀྱི་སློབ་ཚན་ཕུད་ཀྲུང་གོའི་རིགས་གཅིག་མཁས་ཅན་གྱིས་ད་དུང་ནེ་པ་ལ་དང་མཉམ་དུ་སློབ་མ་ཁྲིད་དེ་མ་རྨོས་ལོ་ཏོག་འདེབས་འཛུགས་ཁུལ་དུ་ཞིབ་འཇུག་དང་སློབ་ཚན་ཁྲིད་པར་བསྐྱོད་རྒྱུ་རེད།
         ནེ་པ་ལ་ནི་ཞིང་ལས་རྒྱལ་ཁབ་ཅིག་ཡིན་མོད། འོན་ཀྱང་རྒྱལ་ཡོངས་ཀྱི་རྫོང་75ཡི་ཁྲོད་རྫོང་38ལ་འབྲུ་རིགས་མི་འདང་བའི་གནད་དོན་ལྷག་པ་དང་ནེ་པ་ལས་རྒྱ་གར་སོགས་རྒྱལ་ཁབ་ནས་འབྲུ་རིགས་ནང་འདྲེན་བྱས་ཏེ་ནང་འདྲེན་བྱེད་ཚད་ལོ་རེར་ཆ་སྙོམས་15%ཙམ་འཕར་གྱི་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། ལུང་ཕིང་ཚན་རྩལ་མཐོ་བའི་མ་རྐང་ཚད་ཡོད་ཀུང་སིས་2016ལོར་དུས་ཡུན་ལོ་གསུམ་གྱི་ནེ་པ་ལར་རོགས་སྐྱོར་བྱེད་པའི་ཞིང་ལས་རྣམ་གྲངས་ལག་བསྟར་བྱས་ཚུན་རྒྱུད་འདྲེས་ཆུ་འབྲས་དང་མ་རྨོས་ལོ་ཏོག་གི་ས་བོན་འདེབས་གསོ་སོགས་ཐད་ཕན་འབྲས་ཐོན་ཡོད། ལུང་ཕིང་ཚན་རྩལ་མཐོ་བའི་མ་རྐང་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་གཞོན་པ་ཀྲོའུ་ཏན་གྱིས་མཛད་སྒོའི་ཐོག“ད་ཐེངས་ཀྱི་གསོ་སྦྱོང་བྱས་པ་བརྒྱུད་ས་གནས་དེ་གའི་ཞིང་ལས་ཤེས་ལྡན་པ་དེ་བས་གསོ་སྐྱོང་རྒྱ་ཁྱབ་བྱས་ཏེ་ནེ་པ་ལའི་རྒྱུད་འདྲེས་མ་རྨོས་ལོ་ཏོག་གི་ཚན་ཞིབ་དང་ཁྱབ་གདལ་ཆུ་ཚད་སྔར་བས་མཐོ་རུ་གཏོང་རྒྱུ་རེད”ཅེས་བརྗོད། 
      

    ཕྱོགས་བསྡུས་གསར་འགྱུར།