འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ཨན་ཧུའེ་རུ་ཡིག་ཚགས་དང་གཱ་བཟོས་པའི་སློབ་མར་མ་དངུལ་ཐད་ནས་རོགས་སྐྱོར་བྱེད་
    རྒྱུ་ཁྱོན་ཡོངས་ལ་ཁྱབ་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་21ཉིན། 11:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པར་ཨན་ཧུའེ་ཞིང་ཆེན་དབུལ་སྐྱོར་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་གསལ། ཨན་ཧུའེ་ཞིང་ཆེན་གྱིས“ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་དབུལ་པོའི་སློབ་མར་མ་དངུལ་ཐད་ནས་རོགས་སྐྱོར་བྱེད་པའི་དོ་དམ་མ་ལག”བསྐྲུན་ནས་སློབ་མ་ཚང་མར་གནད་སྨིན་ངང་དམིགས་འཛིན་ཐུབ་པ་དང་། ཁྱོན་ཡོངས་ལ་ཁྱབ་པ་དང་ཆད་ལུས་མེད་པར་བྱས་ཏེ་སློབ་གསོའི་ཐད་གནད་སྨིན་དབུལ་སྐྱོར་དང་། གནད་སྨིན་རོགས་སྐྱོར། གནད་སྨིན་དབུལ་སྒྲོལ་བཅས་ཐུབ་པར་བྱས་ཡོད་པ་རེད།
         ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་གི་སློབ་མ་གནད་སྨིན་གསལ་འབྱེད་བྱ་རྒྱུ་ནི་སྔོན་འགྲོའི་ཆ་རྐྱེན་དང་རྨང་གཞི་ཡིན་ཞིང་། མ་ལག་ལ་བརྟེན་ནས་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས་ཀྱི་གཅིག་ཉིད་རང་བཞིན་ལ་གཞི་འཛིན་པ་དང་། སློབ་གསོའི་སྡེ་ཚན་གྱི་སློབ་གྲྭའི་སྐྱིད་སྡུག་ཀྱི་གྲངས་གཞི་དང་དབུལ་སྐྱོར་སྡེ་ཚན་གྱི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་གྱི་གྲངས་གཞི་དང་ཞིབ་བསྡུར་བྱས་ཏེ་སློབ་གྲྭས་ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་གི་སློབ་མ་གསལ་འབྱེད་བྱ་རྒྱུར་རོགས་རམ་བྱས་ཡོད་པ་རེད། 2018ལོའི་དཔྱིད་དུས་སློབ་དུས་ཀྱི་མ་ལག་ནང་ཞིང་ཆེན་དེ་ཡོངས་ཀྱི་སློབ་མཚམས་ཁག་གི་སློབ་གྲྭའི་སྐྱིད་སྡུག་གི་སློབ་མ་མི་གྲངས་ཁྲི་1132དང་། དབུལ་སྐྱོར་སྡེ་ཚན་གྱིས་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་ཁྲི་513.8བཅུག་ཡོད་པ་དང་། གྲངས་གཞི་ཞིབ་བསྡུར་བྱས་པ་བརྒྱུད། ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་གི་སློབ་མ་ཁྲི་64.9གསལ་འབྱེད་ཐུབ་ཡོད་པ་རེད།
         མ་ལག་གིས་སྔར་ཡོད་ཀྱི“འོག་ནས་གོང་བར”གྱི་སློབ་མས་རེ་ཞུ་བྱ་རྒྱུ་དེ“གོང་ནས་འོག་བར་དང་གོང་འོག་ཟུང་འབྲེལ”གྱི་བྱ་ཐབས་སུ་བསྒྱུར་བས་ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་གི་སློབ་མ་མང་ཆེ་བས་རེ་ཞུ་བྱེད་མི་དགོས་པར་མ་དངུལ་ཐད་ནས་རོགས་སྐྱོར་ཐོབ་ཡོད་པ་རེད། དེའང་ཕྱོགས་གཅིག་ནས་ཞིང་ཆེན་རིམ་པས་མ་ལག་བརྒྱུད་སློབ་གྲྭའི་སྐྱིད་སྡུག་གི་གྲངས་གཞི་དང་དབུལ་སྐྱོར་གྱི་གྲངས་གཞི་ཞིབ་བསྡུར་བྱས་འབྲས་བརྒྱུད་སློབ་མའི་སློབ་གྲྭའི་སྐྱིད་སྡུག་གཏོགས་ཁོངས་གཞིར་བཟུང་ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་གི་སློབ་མའི་ཆ་འཕྲིན་དག“གོང་ནས་འོག་བར”གྱི་བྱ་ཐབས་བཞིན་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭར་བསྐུར་བ་དང་། ཕྱོགས་གཞན་ཞིག་ནས་ས་གནས་ཁག་དང་སློབ་གྲྭ་ཁག་ལ་སློབ་མའི་མིང་ཐོ་འབྱོར་རྗེས་སློབ་གྲྭར་ཡོད་མུས་ཀྱི་སློབ་མ་ཚང་མར་གྲལ་བཤེར་བསྐྱར་ཞིབ་ཐེངས་ཤིག་བྱས་ནས་སློབ་གྲྭ་འདི་གའི་མ་དངུལ་ཐད་ནས་རོགས་སྐྱོར་བྱེད་ཡུལ་མཐར་གཏན་འཁེལ་བྱས་ཡོད་པ་རེད།
         མ་ལག་གིས་སློབ་མར་སློབ་གྲྭར་མ་དངུལ་ཐད་ནས་རོགས་སྐྱོར་ཐོབ་པའི་གནས་ཚུལ་དུས་ཐོག་ཏུ་ཚུར་ལན་བྱས་ཤིང་། སློབ་དུས་རེར་ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་གི་སློབ་མར་རོགས་སྐྱོར་བྱས་པའི་མ་དངུལ་སྤྲོད་རྒྱུ་དམིགས་སར་འབྱོར་རྗེས་སློབ་གྲྭས་མ་ལག་བརྒྱུད་སློབ་མར་རོགས་སྐྱོར་དང་ལེན་བྱེད་པའི་གནས་ཚུལ་ཕབ་འཇུག་བྱས་ཡོད་པ་རེད། མ་ལག་གིས་ཡིག་ཚགས་དང་གཱ་བཟོས་པའི་སློབ་མས་སློབ་གྲྭར་རོགས་སྐྱོར་དང་ལེན་བྱེད་པའི་ཆ་འཕྲིན་དག་ཐེམ་ཐོ་བཞིན་དབུལ་སྐྱོར་ལས་འགན་རྫོང་ལ་གསལ་འགྲེལ་བྱེད་པ་དང་། སློབ་གསོའི་སྡེ་ཚན་གྱིས་རྫོང་དེ་གའི་ཡིག་ཚགས་དང་གཱ་བཟོས་པའི་སློབ་མ་ཚང་མའི་རོགས་སྐྱོར་དང་ལེན་གནས་ཚུལ་ཕབ་འཇུག་བྱས་པ་དང་འབྲེལ་ཞིང་ཆེན་གྱི་གཅིག་གྱུར་ཚད་གཞི་གཞིར་བཟུང་གྲངས་གཞི་དེ་དག་དབུལ་སྐྱོར་སྡེ་ཚན་ལ་ཞུས་པ་དང་། དེ་ནས་དབུལ་སྐྱོར་སྡེ་ཚན་གྱིས་དབུལ་སྐྱོར་ལག་དེབ་ནང་བཀོད་ཡོད་པ་རེད། དེ་དང་ཆབས་ཅིག་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭས་ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་སློབ་མའི་ཁྱིམ་བདག་ཚང་མར“གྲོགས་པོ་ཁྱིམ་བདག་ལ་སྤྲིངས་པའི་ཡི་གེ”ཞེས་པ་བསྐུར་ནས་དེའི་ཕྲུ་གུས་སློབ་གྲྭར་རོགས་སྐྱོར་དང་ལེན་བྱས་པའི་གནས་ཚུལ་ཞིབ་ཕྲ་བརྗོད་ཡོད་པ་རེད།
         2017ལོར་ཨན་ཧུའེ་ཞིང་ཆེན་གྱི་ཡིག་ཚགས་དང་གཱ་བཟོས་པའི་སློབ་མར་མ་དངུལ་ཐད་ནས་རོགས་སྐྱོར་བྱེད་པའི་ལས་འགན་100%ལེགས་གྲུབ་ཟིན་ཞིང་། འདི་ལོ་ཨན་ཧུའེ་ཡིས་ཡིག་ཚགས་དང་གཱ་བཟོས་པའི་སློབ་མར་མ་དངུལ་ཐད་ནས་རོགས་སྐྱོར་བྱེད་པའི་ལས་དོན་དེ་ཞིང་ཆེན་སྲིད་གཞུང་གི་དམངས་འཚོའི་འདུ་འགོད་དཔྱད་ཞིབ་དང་སློབ་གསོའི་དབུལ་སྐྱོར་ལ་དཔྱད་ཞིབ་བྱེད་པའི་ནང་བཅུག་ནས“ཟླ་རེར་དཔྱད་བསྡུར་དང་། དུས་ཚིགས་རེར་བརྡ་ཁྱབ་གཏོང་བ”སོགས་ཀྱི་ལམ་སྲོལ་དོན་འཁྱོལ་དང་འཐུས་སྒོ་ཚང་དུ་བཏང་སྟེ་ས་གནས་ཁག་དང་སློབ་གྲྭ་ཁག་གི་ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་གི་སློབ་མར་མ་དངུལ་ཐད་ནས་རོགས་སྐྱོར་བྱེད་པའི་ལས་དོན་ལ་ལྟ་ཞིབ་བྱ་ཤུགས་ཆེ་རུ་བཏང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།