འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།“སྒྱུར་བཅོས་སྒོ་དབྱེ་དང་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གོང་འཕེལ་ཡར་
    རྒྱས”ཞེས་པའི་བགྲོ་གླེང་ཚོགས་འདུ་ཝུའུ་ཧན་དུ་འཚོགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་21ཉིན། 10:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་18ཉིན། ཝུའུ་ཧན་དུ་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་མཐུན་ཚོགས་དང་ཀྲུང་གུང་ཧུའུ་པེ་ཞིང་ཆེན་ཨུ་ཡོན་ལྷན་ཁང་དྲིལ་བསྒྲགས་པུའུ་ཡིས་མཉམ་དུ་གཙོ་གཉེར་བྱས་པའི“སྒྱུར་བཅོས་སྒོ་དབྱེ་དང་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གོང་འཕེལ་ཡར་རྒྱས”ཞེས་པའི་བགྲོ་གླེང་ཚོགས་འདུ་འཚོགས་པ་རེད།
         ཚོགས་ཞུགས་མི་སྣས་སྒྱུར་བཅོས་སྒོ་དབྱེ་ནི་རང་རེའི་ཏང་གིས་དུས་རབས་གསར་པའི་ཆ་རྐྱེན་འོག་མི་དམངས་ཀྱི་སྣེ་ཁྲིད་ནས་རླབས་ཆེན་གསར་བརྗེ་གསར་པ་བྱས་པ་ཞིག་ཡིན་ལ་དེང་རབས་ཀྲུང་གོའི་ལས་དབང་ཐག་གཅོད་བྱེད་པའི་འགག་རྩའི་གདམ་ག་ཞིག་ཀྱང་ཡིན། ལོ་40ཡི་སྒྱུར་བཅོས་སྒོ་དབྱེ་བརྒྱུད་ཀྲུང་གོར་ཡར་ལངས་ནས་འབྱོར་ཕྱུག་དང་སྟོབས་ཆེར་གྱུར་བའི་རླབས་ཆེའི་མཆོང་སྐྱོད་བྱུང་ཡོད། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་གིས་གཞི་རྩའི་རྒྱལ་ཁབ་ཀྱི་གནས་ཚུལ་ལ་གཞི་ཚུགས་ཏེ་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་རང་བཞིན་གྱི་རྩ་དོན་དེ་རྒྱལ་ཁབ་རང་གི་དོན་དངོས་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་པ་དང་། སྒྱུར་བཅོས་ཁྲོད་འགྲོ་བ་མིའི་ཐོབ་ཐང་འགན་ལེན་བྱས་པ། སྒོ་དབྱེའི་ཁྲོད་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་བཏང་བ་བཅས་བྱས་པས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གོང་འཕེལ་ལ་ལོ་རྒྱུས་རང་བཞིན་གྱི་ཡར་རྒྱས་བྱུང་བ་མ་ཟད། ཀྲུང་གོའི་མི་དམངས་ལ་སྔར་གྱི་དུས་སྐབས་གང་ལས་ཀྱང་ལྷག་པའི་འགྲོ་བ་མིའི་ཐོབ་ཐང་ཡག་པོ་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད་པའི་ངོས་འཛིན་བྱས་པ་རེད།
         ཚོགས་ཞུགས་མི་སྣས། སྒྱུར་བཅོས་སྒོ་དབྱེའི་ལོ་40ཡི་རིང་གི་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གོང་འཕེལ་གྱི་བརྒྱུད་རིམ་ལ་ཕྱིར་མིག་བལྟས་ན། ཀྲུང་གོས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་ལེན་བྱེད་པའི་རྩ་ཁྲིམས་ཀྱི་རྩ་དོན་དང་ཏང་གི་སྒྲིག་ཡིག་གི་དགོངས་དོན་གཏན་འཁེལ་བྱས་པ་དང་། དུས་བསྟུན་མདུན་སྐྱོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་བསམ་བློ་དང་རིགས་པའི་གཞུང་ལུགས་ཆགས་པ། ཅུང་འཐུས་སྒོ་ཚང་བའི་འགྲོ་བ་མིའི་ཐོབ་ཐང་འགན་ལེན་ལམ་ལུགས་ཀྱི་མ་ལག་བསྐྲུན་པ། སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་འགྲོ་བ་མིའི་ཐོབ་ཐང་གི་འགན་ལེན་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་པ། ཀྲུང་གོའི་རྒྱལ་ཁབ་གནས་ཚུལ་དང་མཐུན་པའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་པ། འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གི་འཕེལ་རྒྱས་ཡར་ཐོན་ལ་སྐུལ་མ་ཐེབས་པ་བཅས་བྱུང་ཡོད་ཅེས་བརྗོད་པ་རེད།
         ཚོགས་ཞུགས་མི་སྣས། དེང་སྐབས་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་ཡག་པོ་བྱེད་པ་དང་། གོ་བ་ཡག་པོ་ལེན་པ། ལག་བསྟར་ཡག་པོ་བྱེད་པ་བཅས་ཀྱི་སྒོ་ནས་དེའི་སྙིང་དོན་ལ་གོ་བ་གཏིང་ཟབ་བླངས་ཏེ་འགྲོ་བ་མིའི་ཐོབ་ཐང་གི་རིགས་པའི་གཞུང་ལུགས་ཀྱི་ཞིབ་འཇུག་ལས་དོན་ཁག་ལ་སྣེ་ཁྲིད་བྱེད་དགོས། སྒྱུར་བཅོས་སྒོ་དབྱེ་དང་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གོང་འཕེལ་ཡར་རྒྱས་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཞིབ་འཇུག་ལ་རང་རྟོགས་ངང་ཤུགས་སྣོན་བརྒྱབ་ནས་ཁྱོན་ཡོངས་དང་གོ་རིམ་ལྡན་པའི་ངང་ཕྱོགས་སྡོམ་གྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་རིགས་པའི་གཞུང་ལུགས་དང་སྐད་ཆའི་མ་ལག་གསར་གཏོད་ལ་སྐུལ་མ་གཏོང་དགོས། སྒྱུར་བཅོས་སྒོ་དབྱེ་དང་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གོང་འཕེལ་ཡར་རྒྱས་ཀྱི་དྲིལ་བསྒྲགས་འགྲེལ་བཤད་གང་ལེགས་བྱས་ཏེ་ཁོང་ཡངས་ཡིད་ཆེས་ངང་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་གྱི་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་གཏམ་རྒྱུད་ཡག་པོ་བརྗོད་དགོས། འགྲོ་བ་མིའི་ཐོབ་ཐང་ཁྱབ་ཁོངས་ཀྱི་ཕྱི་ཕྱོགས་སྤེལ་རེས་དང་སྐད་ཆ་ཤོད་རེས་ཧུར་ཐག་བྱས་ནས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་ལག་ལེན་དང་ལྟ་བར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཤེས་རྟོགས་དང་ངོས་འཛིན་བྱེད་རྒྱ་ཆེ་རུ་གཏོང་བ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཁྱབ་ཁོངས་ཀྱི་ཀྲུང་གོའི་སྐད་ཆ་ཤོད་དབང་དང་ཤུགས་རྐྱེན་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་ཞེས་ནན་བཤད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།