འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ཨན་ཧུའེ་ཡིས་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་ཐོབ་ཐང་འགན་ལེན་བྱེད་རྒྱུར་ཤུགས་
    སྣོན་བརྒྱབ་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་21ཉིན། 10:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་19ཉིན། ཨན་ཧུའེ་ཞིང་ཆེན་གྱིས་ཉེ་ཆར་ལག་བསྟར་བསམ་འཆར་བཏོན་ནས་ནོར་སྲིད་སྤོ་སྒྱུར་གཏོང་སྤྲོད་ལག་བསྟར་བྱ་རྒྱུ་དེ་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་ཐོབ་ཐང་སྔོན་ལ་འགན་ལེན་བྱེད་པའི་སྲིད་ཇུས་དོན་འཁྱོལ་བྱ་རྒྱུ་དང་འབྲེལ་བ་བྱས་ཏེ་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་ཆ་སྙོམས་གླ་ཕོགས་ཡོང་འབབ་ཆུ་ཚད་དེ་ས་ཆ་དེ་གའི་གཞུང་ཞབས་པའི་ཆ་སྙོམས་གླ་ཕོགས་ཀྱི་ཡོང་འབབ་ཆུ་ཚད་ལས་མི་དམའ་བའམ་ཡང་ན་མཐོ་བའི་འགན་ལེན་བྱ་རྒྱུ་ཡིན་པ་རེད།
         ལག་བསྟར་བསམ་འཆར་གཞིར་བཟུང་། རིམ་ཁག་ནོར་སྲིད་སྡེ་ཚན་གྱིས་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་ཐོབ་ཐང་སྔོན་ལ་འགན་ལེན་བྱ་རྒྱུ་དེ་ནོར་སྲིད་གཏོང་སྒོ་འགན་ལེན་བྱེད་པའི་གལ་ཆེའི་ནང་གི་འགངས་ཆེར་བརྩི་དགོས། རིམ་ཁག་སློབ་གསོ་སྡེ་ཚན་གྱིས་དུས་ཐོག་ཏུ་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་ཐོབ་ཐང་དོན་འཁྱོལ་ལྟ་སྐུལ་མཛུབ་ཁྲིད་བྱས་འབྲས་རིམ་པ་གཅིག་པའི་ནོར་སྲིད་སྡེ་ཚན་ལ་མཁོ་འདོན་བྱེད་དགོས། གྲོང་ཁྱེར་དང་། རྫོང་(གྲོང་ཁྱེར་དང་ཆུས་)ཁག་གི་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་ཐོབ་ཐང་སྔོན་ལ་འགན་ལེན་བྱེད་པའི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་རྒྱུ་ནན་དུ་བཏང་ནས་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་ཆ་སྙོམས་གླ་ཕོགས་ཡོང་འབབ་ཀྱི་ཆུ་ཚད་ས་ཆ་དེ་གའི་གཞུང་ཞབས་པའི་ཆ་སྙོམས་གླ་ཕོགས་ཡོང་འབབ་ཀྱི་ཆུ་ཚད་ལས་མི་དམའ་བའམ་ཡང་ན་མཐོ་བའི་འགན་ལེན་བྱེད་དགོས། ཞིང་ཆེན་ནོར་སྲིད་ཀྱིས་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་ཐོབ་ཐང་སྔོན་ལ་འགན་ལེན་བྱ་རྒྱུ་དེ་གྲོང་ཁྱེར་དང་རྫོང་གི་ནོར་སྲིད་དོ་དམ་ལས་ཀའི་ལས་རྗེས་དཔྱད་ཞིབ་ནང་བཅུག་ནས་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་གྲངས་འབོར་ཚང་བའི་འགན་ལེན་ཐུབ་པའི་ས་གནས་དང་ཚན་པར་བསྔགས་བརྗོད་བྱེད་པ་དང་། དོན་འཁྱོལ་འགན་ལེན་གནད་ལ་མི་འཁེལ་བའི་རིགས་ལ་སྐོང་འདྲི་དང་བརྡ་ཁྱབ་གཏོང་བ་དང་འབྲེལ་ཁྲིམས་སྲོལ་ལྟར་འགན་འཁྲི་རྩད་གཅོད་དང་འགན་འཁྲི་བདའ་འདེད་གཏོང་དགོས་པ་བཅས་རེད།
         ལག་བསྟར་བསམ་འཆར་ནང་ས་གནས་ཁག་དང་སྡེ་ཚན་ཁག་གིས་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་མ་དངུལ་ཁག་སྤྱི་འདོམས་བྱས་ཏེ་ནོར་སྲིད་ཀྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ཀྱི་སློབ་གསོའི་གཏོང་སྒོ་ལོ་རེ་བཞིན་འཕར་བ་ལས་ཉུང་དུ་མི་འགྲོ་བའི་འགན་ལེན་བྱེད་དགོས་པ་དང་སློབ་གྲྭར་ཡོད་མུས་ཀྱི་སློབ་མའི་མི་གྲངས་ཀྱི་ཆ་སྙོམས་གཞིར་བཟུང་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་སློབ་གསོའི་གཏོང་སྒོ་ལོ་རེ་བཞིན་འཕར་བ་ལས་ཉུང་དུ་མི་གཏོང་བའི་འགན་ལེན་བྱས་ཏེ་ནོར་སྲིད་ཀྱིས་སློབ་གསོར་མ་དངུལ་གཏོང་ཤུགས་རྒྱུན་མཐུད་དང་བརྟན་པོའི་ངང་འཕར་བའི་འགན་ལེན་བྱེད་དགོས། སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་ཐོབ་ཐང་དེ་སྤྱི་པའི་ནོར་སྲིད་གཏོང་སྒོའི་སྔོན་ལ་འགན་ལེན་བྱེད་པའི་ཁ་ཕྱོགས་ལ་བརྩི་བ་དང་། རིམ་ཁག་ནོར་སྲིད་སློབ་གསོའི་མ་དངུལ་གྱི་སྔོན་ལ་གཏོང་སྤྲོད་བྱེད་པའི་གཙོ་གནད་དུ་བརྩི་བ། གོང་རིམ་གྱི་སྤོ་སྒྱུར་གཏོང་སྤྲོད་མ་དངུལ་སྤྱི་འདོམས་བྱེད་པའི་སྔོན་ལ་བཀོད་སྒྲིག་གི་ཁྱབ་ཁོངས་སུ་བརྩི་བ་བཅས་བྱེད་དགོས། 
      

    ཕྱོགས་བསྡུས་གསར་འགྱུར།