འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།《ཀྲུང་གོ་གུང་ཁྲན་ཏང་གི་རང་ངོས་གསར་བརྗེ—ཏང་གི་སྒྲིག་ཡིག་གི་སྒྲིག་ཁྲིམས་དང་སྒྲིག་སྲོལ་》པར་སྐྲུན་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་20ཉིན། 10:59】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་97འཁོར་བའི་སྐབས་དང་བསྟུན་ནས་《ཀྲུང་གོ་གུང་ཁྲན་ཏང་གི་རང་ངོས་གསར་བརྗེ—ཏང་གི་སྒྲིག་ཡིག་གི་སྒྲིག་ཁྲིམས་དང་སྒྲིག་སྲོལ་》ཞེས་པའི་དེབ་ཀྲུང་གོ་ཧྥང་ཀྲེང་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པ་རེད། དེབ་དེ་མིག་རྒྱང་རིང་བ་དང་། ལོ་རྒྱུས་ཀྱི་དཔྱད་གཞི་ཞིབ་གསལ། གཏན་ཚིགས་དམ་ནན། བརྗོད་བྱ་གསོན་ཉམས་དོད་པ་བཅས་ཡིན་པ་དང་ཀྲུང་གོ་གུང་ཁྲན་ཏང་གི་རང་ངོས་གསར་བརྗེའི་ལོ་རྒྱུས་ཀྱི་ལམ་ཚད་གསར་སྤེལ་བྱས་པའི་རྩོམ་ཡིག་ཅིག་རེད། 
            རང་ངོས་གསར་བརྗེ་བྱེད་ཕོད་པ་དང་ཏང་ལ་དོ་དམ་ནན་པོ་དང་བཅོས་སྒྲིག་བྱེད་པ་ནི་རང་རེའི་ཏང་གི་མངོན་གསལ་དོད་པའི་ཀུན་སྤྱོད་ཅིག་རེད། དེབ་དེས་ལོ་བརྒྱ་ཙམ་རིང་ཀྲུང་གོ་གུང་ཁྲན་ཏང་བཙུགས་པ་དང་ཏང་བཅོས་སྐྱོང་དང་ཏང་དར་རྒྱས་ཀྱི་ལམ་བུར་ཕྱིར་མིག་ལྟ་བ་དང་ཏང་གི་སྒྲིག་ཡིག་རྩ་བའི་གཞི་འཛིན་སར་བྱས་པའི་ཏང་གི་རང་ངོས་གསར་བརྗེར་ཕྱིར་དྲན་བྱེད་པ་དང་། དེ་བཞིན་དེང་སྐབས་འཛམ་གླིང་ཐོག་གི་ཏང་ཆེན་པོ་དང་པོ་ཡིན་པའི་ཀྲུང་གོ་གུང་ཁྲན་ཏང་ལ་དོན་སྙིང་གལ་ཆེན་ལྡན་པ་དང་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད། དེབ་དེས་ཀྲུང་གོ་གུང་ཁྲན་ཏང་གི་འཐུས་མི་ཚོགས་ཆེན་རིམ་བྱུང་གཞུང་ཐིག་ཏུ་བྱེད་པ་དང་བསམ་བློའི་གསར་བརྗེ་དང་། རྩ་འཛུགས་ཀྱི་གསར་བརྗེ། ལམ་ལུགས་ཀྱི་གསར་བརྗེ་བཅས་འཕྲེད་ཐིག་ཏུ་བྱས་ནས་ཏང་གི་སྒྲིག་ཡིག་དང་སྒྲིག་ཁྲིམས་ཀྱི་ཐོག་མའི་ཡིག་ཆ་དང་ཏང་གི་ལོ་རྒྱུས་དང་ཏང་འཛུགས་སྐྱོང་གི་ལོ་རྒྱུས་དཔྱད་ཡིག་སོགས་རྨང་གཞིར་བྱས་ཏེ་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ལོ་རྒྱུས་ཀྱི་དུས་མཚམས་རེ་རེའི་ཁྲོད་ཀྱི་ཀྲུང་གོ་གུང་ཁྲན་ཏང་གི་རང་ངོས་གསར་བརྗེ་དང་ལྷག་དོན་དུ་ཏང་གི་སྒྲིག་ཁྲིམས་དང་སྒྲིག་སྲོལ་གྱི་ལོ་རྒྱུས་ལམ་ཚད་མངོན་པ་དང་ཆབ་སྲིད་ལ་བརྟེན་ནས་ཏང་འཛུགས་པ་དང་། བསམ་བློར་བརྟེན་ནས་ཏང་འཛུགས་པ། སྒྲིག་ཁྲིམས་ལ་བརྟེན་ནས་ཏང་སྟོབས་ཆེར་གཏོང་བ། ལམ་ལུགས་ལ་བརྟེན་ནས་ཏང་བཅོས་སྐྱོང་བྱེད་པ་བཅས་ཀྱི་ལོ་རྒྱུས་ཆེ་མོ་དང་བརྗོད་དོན་གཙོ་བོ་མངོན་འགྱུར་ཡོང་བའི་བརྩོན་ལེན་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།