འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུས་ཀྲུང་གོ་ཕྱོགས་ཀྱིས་ཁོང་ཀོ(ཅིན)ཡིས་རིམས་ནད་ཨེ་པོ་ལར་འགོག་རྒོལ་
    བྱེད་སྐབས་རོགས་སྐྱོབ་བྱས་ཡོད་ཅེས་བསྟན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་20ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་ཚེས་18ཉིན་འབྲེལ་ཡོད་དྲི་བར་ལན་སྐྱོན་སྐབས་ཁོང་ཀོ(ཅིན)རུ་རིམས་ནད་ཨེ་པོ་ལ་ཐོན་རྗེས་ཀྲུང་གོ་ཕྱོགས་ཀྱིས་འཕྲལ་མ་ཉིད་དུ་ཁོང་ཀོར་འགོག་སྲུང་གྱོན་གོས་དང་། ཁ་རས། ལག་ཤུབས་སོགས་རིམས་འགོག་དངོས་རྫས་ཞལ་འདེབས་ཕུལ་བ་དང་འབྲེལ་ཛ་དྲག་ཆེ་བའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་བྱས་པས་ཁོང་ཀོ(ཅིན)སྲིད་གཞུང་དང་མི་དམངས་དང་དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དགེ་མཚན་ལྡན་པའི་གདེང་འཇོག་ཐོབ་ཡོད་ཅེས་བརྗོད་པ་རེད།
            དེ་ཉིན་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ཧྭ་ཁྲུན་ཡིང་གིས་ཁོང་ཀོ(ཅིན)ཡི་འཕྲོད་བསྟེན་པུས་འདི་ལོའི་ཟླ་5པར་ཐོན་པའི་རིམས་ནད་ཨེ་པོ་ལ་དངོས་སུ་བཀག་འགོག་ཐུབ་པའི་ཁྱབ་བསྒྲགས་བྱས་པ་དེ་ནི་ཁོང་ཀོ(ཅིན)ཡིས་རིམས་ནད་འགོག་རྒོལ་བྱེད་པའི་འཐབ་རྩོད་ལ་རྒྱལ་ཁ་གལ་ཆེན་ཐོབ་པ་ཞིག་ཡིན་པས་ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་རྟེན་འབྲེལ་ཞུ་རྒྱུ་ཡིན་ཞེས་བརྗོད་པ་རེད།
           ཁོང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་རིམས་ནད་ཐོན་རྗེས་ཀྲུང་གོ་ཕྱོགས་ཀྱིས་ཁོང་ཀོས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱས་ཏེ་འཕྲལ་མ་ཉིད་དུ་ཁོང་ཀོར་འགོག་སྲུང་གྱོན་གོས་དང་། ཁ་རས། ལག་ཤུབས་སོགས་རིམས་འགོག་དངོས་རྫས་ཞལ་འདེབས་ཕུལ་བ་དང་འབྲེལ་ཛ་དྲག་ཆེ་བའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་བྱས་པ་རེད། ཀྲུང་གོ་ཕྱོགས་ཀྱི་རིམས་འགོག་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་ཟླ་6པའི་ཟླ་འགོར་ཁོང་ཀོར་བསྐྱོད་དེ་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རོགས་བྱས་པར་མིག་སྔར་ལས་འགན་ཐུགས་གྲ་ལེགས་འགྲིག་བྱུང་ནས་རྒྱལ་ནང་དུ་ལོག་ཡོད་པ་རེད།
           ཧྭ་ཁྲུན་ཡིང་གིས་ཀྲུང་གོ་ཕྱོགས་ཀྱི་རོགས་སྐྱོབ་བྱེད་ཐབས་ལས་ཀྲུང་གོ་དང་ཁོང་ཀོ་དབར་ཕྱར་བ་གྲུ་འདེགས་དང་བདེ་སྡུག་མཉམ་མྱོང་གི་གཅེན་གཅུང་ལྟ་བུའི་མཛའ་སེམས་སླར་ཡང་མཚོན་པ་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ནི་སྐྱིད་སྡུག་མཉམ་མྱོང་གི་ལས་དབང་གཅིག་མཐུན་འདུས་གྲུབ་ཅིག་ཡིན་པ་མཚོན་ཐོག་ཁོང་ཀོ(ཅིན)སྲིད་གཞུང་དང་མི་དམངས་དང་དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དགེ་མཚན་ལྡན་པའི་གདེང་འཇོག་ཐོབ་ཡོད་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།