འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པའི་ཙུང་ལིས་ཞི་བདེའི་གྲུ་གཟིངས་སླར་ཡང་ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པར་
    འཚམས་འདྲིར་སླེབས་པར་ཚད་མཐོའི་བསྔགས་བརྗོད་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་20ཉིན། 10:55】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་14ཉིན་གྱི་མཚན་མོ་ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པའི་ཙུང་ལི་ཨའོ་ཉིར་གྱིས་ཀྲུང་གོའི་མཚོ་དམག་གི་ཞི་བདེའི་སྨན་ཁང་གྲུ་གཟིངས་ཐོག་འཛེགས་ནས་ཞི་བདེའི་གྲུ་གཟིངས་སླར་ཡང་ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པར་འཚམས་འདྲིར་སླེབས་ཏེ་ས་གནས་དེ་གའི་དམངས་ཚོགས་ལ་རིན་མེད་སྨན་བཅོས་བྱས་པར་ཚད་མཐོའི་བསྔགས་བརྗོད་བྱས་པ་དང་འབྲེལ། བྱ་སྤྱོད་དེས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་སྔར་བས་ཟབ་ཏུ་བཏང་བ་དང་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྔར་བས་ཟབ་ཏུ་བཏང་ཡོད་ཅེས་བཤད་པ་རེད།
             ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཞུའེ་པིང་དང“ཞི་མཐུན་འགན་འཁྲི—2018”ལས་འགན་གྱི་བཀོད་འདོམས་པའི་ཕེབས་རོགས་འོག ཨའོ་ཉིར་གྱིས་གྲུ་གཟིངས་ཐོག་ཏུ་མཚོ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་བྱས་པ་དང་། སྨན་དོན་མི་སྣར་བྱམས་བརྩེའི་འཚམས་འདྲི་བྱས་པ། ཁོང་ཚོ་ཚང་མ་དང་རེ་རེ་བཞིན་ལག་པ་བཏང་བ་མ་ཟད། ད་དུང་རྒྱ་སྐད་ཐོག་ནས“ཐུགས་རྗེ་ཆེ”ཡང་ཡང་ཞུས། ཁོང་གིས་ད་དུང་གཤགས་བཅོས་བྱས་ནས་སྨན་ཁང་དུ་སྡོད་བཞིན་པའི་ས་གནས་དེ་གའི་དམངས་ཚོགས་ལ་བལྟས་པ་དང་གཤགས་བཅོས་བྱེད་ཡུལ་དུ་སྒེའུ་ཁུང་བརྒྱུད་ནས་གཤགས་བཅོས་བྱེད་པའི་བརྒྱུད་རིམ་ལ་བལྟས་ཏེ་སྨན་པ་ཚོའི་བྱང་ཆུབ་པའི་ལག་རྩལ་དང་ལས་བཀུར་གྱི་སྙིང་སྟོབས་ལ་གུས་བཀུར་ཞུས་པ་རེད།
            ཚེས་11ཉིན་མོར་སི་པི་གྲུ་ཁར་འབྱོར་བ་ནས་བཟུང་། ཞི་བདེའི་སྨན་ཁང་གྲུ་གཟིངས་ཀྱིས་སྟེགས་བུ་གཙོ་བོར་སྨན་བཅོས་བྱེད་སྒོ་སྤེལ་བ་དང་ཆབས་ཅིག་རིགས་གཅིག་མཁས་ཅན་ལས་གྲུབ་པའི་སྨན་བཅོས་ཡན་ལག་རུ་ཁག་དང་། འཕྲོད་བསྟེན་རིམས་འགོག་ཡན་ལག་རུ་ཁག སྒྲིག་ཆས་ཉམས་གསོ་ཡན་ལག་རུ་ཁག་བཅས་ས་གནས་དེ་གའི་སྨན་ཁང་དུ་སྨན་བཅོས་ཞབས་ཞུ་བྱེད་པར་མངགས་ཡོད། ཟླ་7ཚེས་14ཉིན་བར་སྨན་ཁང་གྲུ་གཟིངས་ཀྱིས་མི་ཐེངས་3999ལ་ནད་བརྟག་སྨན་བཅོས་དང་གཤགས་བཅོས་ཐེངས་18བྱས་ཡོད། ཞི་བདེའི་སྨན་ཁང་གྲུ་གཟིངས་2014ལོར་ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པར་འཚམས་འདྲི་ཐེངས་གཅིག་བྱེད་མྱོང་བ་དང་ས་གནས་དེ་གའི་དམངས་ཚོགས་ཀྱི་དགའ་བསུ་ཐོབ་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།