འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཞི་བདེའི་སྨན་ཁང་གྲུ་གཟིངས་ཀྱིས་ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པར་འཚམས་འདྲི་བྱ་རྒྱུ་
    བདེ་བླག་ངང་མཇུག་འགྲིལ་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་20ཉིན། 10:53】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་18ཉིན། “ཞི་མཐུན་འགན་འཁྲི——2018”ལས་འགན་སྒྲུབ་མཁན་ཀྲུང་གོའི་མཚོ་དམག་གི་ཞི་བདེའི་སྨན་ཁང་གྲུ་གཟིངས་མོར་སི་པི་གྲུ་ཁ་ནས་གྱེས་ཏེ་ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པར་དུས་ཡུན་ཉིན་8ཀྱི་མཛའ་གྲོགས་འཚམས་འདྲི་བྱེད་མཇུག་འགྲིལ་ནས་རྒྱལ་ཁབ་དེར་མི་ཆོས་རིང་ལུགས་ཀྱི་སྨན་བཅོས་ཞབས་ཞུའི་ལས་འགན་བདེ་བླག་ངང་ལེགས་གྲུབ་ཟིན་ཡོད་པ་རེད།
           འཚམས་འདྲི་བྱེད་རིང་། ཞི་བདེའི་སྨན་ཁང་གྲུ་གཟིངས་ཀྱིས་ཉིན་མཚན་བལྟོས་མེད་ངང་སྨན་བཅོས་ཞབས་ཞུ་དང་རོགས་སྐྱོར་བྱེད་པའི་ལས་དོན་ཧུར་ཐག་སྤེལ་ཏེ་ལས་སྟེགས་གཙོ་བོའི་ཐོག་ནད་པ་མང་པོ་ཞིག་ལ་སྨན་བཅོས་བྱས་པ་དང་དུས་མཚུངས་སྨན་བཅོས་ཡན་ལག་རུ་ཁག་མང་པོ་མངགས་ནས་དེ་ཁུལ་གྱི་སྨན་ཁང་ལ་སྨན་བཅོས་དང་། རིམས་ནད་སྔོན་འགོག སྒྲིག་ཆས་ཉམས་གསོ་སོགས་ཀྱི་ཞབས་འདེགས་ཞུས་ཡོད། རིམ་རྩིས་ལྟར་ན། མི་ཐེངས་6209ལ་ནད་བརྟག་སྨན་བཅོས་བྱས་པ་དང་། མི་ཐེངས་2042ལ་CDདང་། DR Bསྒྲ་རླབས། སྙིང་པར་སོགས་བརྟག་དཔྱད་བྱེད་རོགས་བྱས་པ། ནད་པ་36ལ་གཤགས་བཅོས་བྱས་པ་དང་ལྷག་པར་དུ་ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པ་དང་མཉམ་འབྲེལ་ཐོག་ཛ་དྲག་ཆེ་བའི་གསོ་རིག་རོགས་སྐྱོབ་ནང་སྦྱོང་བྱས་པར་བསྔགས་བརྗོད་རྒྱ་ཁྱབ་ཐོབ་ཡོད་པ་རེད།
          ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པའི་ཙུང་ལི་ཨའོ་ཉིར་གྱིས་གྲུ་གཟིངས་སྨན་ཁང་དུ་བསྐྱོད་ནས་སྨན་དོན་མི་སྣ་དང་གཤགས་བཅོས་བྱས་ནས་སྨན་ཁང་དུ་སྡོད་མཁན་དམངས་ཚོགས་ལ་ལྟ་སྐབས་ཞི་བདེའི་སྨན་ཁང་གྲུ་གཟིངས་སླར་ཡང་ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པར་འཚམས་འདྲིར་ཡོང་བར་བསྔགས་བརྗོད་ཆེན་པོ་བྱས་པ་དང་། ས་གནས་དེ་གའི་མང་ཚོགས་ལ་རིན་མི་དགོས་པར་སྨན་བཅོས་ཞབས་ཞུ་བྱས་པ་དེས་རྒྱལ་ཁབ་གཉིས་ཀྱི་མི་དམངས་དབར་གྱི་མཛའ་གྲོགས་སྔར་བས་ཟབ་ཏུ་ཕྱིན་ཡོད་ལ། རྒྱལ་ཁབ་གཉིས་པོའི་འཐབ་ཇུས་རོགས་ཟླའི་འབྲེལ་བའང་ཟབ་ཏུ་ཕྱིན་ཡོད་ཅེས་བརྗོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།