འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་བཅུ་གཅིག་པའི་ཀྲུང་དབྱིན་ལས་གཏོད་འགྲན་ཆེན་སྤེལ་འགོ་ཚུགས་ནས་རྒྱལ་ཁབ་གཉིས་པོའི་
    གསར་གཏོད་ལས་གཏོད་ལ་རམ་འདེགས་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་20ཉིན། 10:51】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་16ཉིན། སྐབས་བཅུ་གཅིག་པའི་ཀྲུང་དབྱིན་གྱི་ལས་གཏོད་འགྲན་ཆེན་དེ་ལོན་ཏོན་དུ་དངོས་སུ་སྤེལ་འགོ་ཚུགས་ཤིང་། ད་ཐེངས་ཀྱི་འགྲན་ཆེན་དེ་ཀྲུང་དབྱིན་གྱི་ཁེ་ལས་མཁས་ཅན་ཐེབས་རྩས་མ་དངུལ་དབྱིན་པང་ཁྲི་500བཏང་བ་དེ་དག་ཀྲུང་དབྱིན་རྒྱལ་ཁབ་གཉིས་པོའི་ཚན་རྩལ་མཐོ་བའི་ཁྱབ་ཁོངས་ཀྱི་གསར་གཏོད་ཁེ་ལས་ལ་རྒྱབ་སྐྱོར་བྱ་རྒྱུར་སྤྱད་ནས་རྒྱལ་ཁབ་གཉིས་པོའི་གསར་གཏོད་ལས་གཏོད་ལ་རམ་འདེགས་བྱ་རྒྱུ་ཡིན་པ་རེད།
             “ཀྲུང་དབྱིན་གྱི་ལས་གཏོད་འཆར་གཞིའི་འགྲན་ཆེན”དེ་དབྱིན་ཇིའི“དབུ་བཞུགས་བློན་ཆེན་གྱི་འཆར་གཞིའི”རྣམ་གྲངས་ཀྱི་གྲས་ཤིག་ཡིན་པའི་ངོས་ནས་ལོ་ལྟར་ཀྲུང་དབྱིན་མཐོ་སློབ་ཀྱི་ཚོགས་པ་200ཙམ་འགྲན་བསྡུར་ནང་ཞུགས་རྒྱུའི་ཡིད་དབང་བཀུག་པའི་དམིགས་ཡུལ་ནི་ཀྲུང་དབྱིན་གྱི་དཔལ་འབྱོར་དང་། སློབ་གསོ། རིག་གནས་སོགས་ཕྱོགས་མང་པོའི་ཐད་སྤེལ་རེས་མཉམ་ལས་ལས་སྟེགས་མཁོ་འདོན་བྱ་ཆེད་རེད། 2006ལོར་འགྲན་ཆེན་གཉེར་འགོ་ཚུགས་པ་ནས་བཟུང་། རྣམ་གྲངས་ཚོགས་པ་40ལྷག་ཙམ་ལ་དེ་མཚུངས་ཀྱི་མ་དངུལ་དང་ལག་རྩལ་གྱི་རྒྱབ་སྐྱོར་ཐོབ་ནས་ཀྲུང་དབྱིན་རྒྱལ་ཁབ་གཉིས་སུ་གཞིས་ཆགས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།