འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་ཆེད་ལས་ཞིང་པ་གསར་པ་གསོ་སྐྱོང་འདུ་འགོད་ལག་ལེན་བསྟར་འགོ་བཙུགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་19ཉིན། 11:21】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སོགས་པུའུ་ཨུད་17གྱིས་《དངོས་ཚན་དཔལ་འབྱོར་དགེ་མཚན་ལྡན་ལ་བརྟན་པོའི་ངང་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་》(གཤམ་ལ《བསམ་འཆར་》ཞེས་བསྡུ་རྒྱུ)བཏོན་ནས་རང་རྒྱལ་གྱིས་ཁྱིམ་ལས་ཞབས་ཞུ་དང་། རྒན་གསོ་ཞབས་ཞུའི་ལས་ཞུགས་མི་སྣ། འབྲེལ་ཡོད་ཁེ་ལས་ཀྱི་སྤྱི་ཚོགས་ཡིད་རྟོན་མ་ལག་བཅས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུ་མ་ཟད། ཞིང་ལས་གཉེར་སྐྱོང་བྱེད་པོ་དང་ཆེད་ལས་ཞིང་པ་གསར་པའི་གསོ་སྐྱོང་འདུ་འགོད་ཕྱོགས་ཡོངས་ནས་ལག་ལེན་བསྟར་འགོ་འཛུགས་རྒྱུ་རེད།
             འགུལ་ནུས་གསར་པ་འཕེལ་རྒྱས་དང་སྟོབས་ཆེར་བཏང་ནས་སྤུས་ཚད་མཐོ་བའི་ལས་ཞུགས་ལས་གནས་སྔར་བས་མང་བ་གཏོད་རྒྱུ་ཡིན་ཞིང་། 《བསམ་འཆར་》ནང་བཏོན་དོན། མཐོ་སློབ་རིག་གཞུང་ཚན་ཁག་གི་ཆེད་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་དང་ལེགས་གཏོང་དང་། ཐོན་སློབ་མཉམ་འདྲེས་དང་སློབ་གྲྭ་དང་ཁེ་ལས་མཉམ་ལས་སྔར་བས་གཏིང་ཟབ་ཏུ་བཏང་ནས་འགུལ་ནུས་གསར་པའི་རྒྱ་སྟོབས་ཆེ་རུ་གཏོང་རིང་མཐོ་སློབ་སློབ་ཐོན་སློབ་མ་དང་རྩལ་ནུས་མཐོ་བའི་ཤེས་ལྡན་པ་དང་འཚམ་པའི་སྤུས་ཚད་མཐོ་བའི་ལས་ཞུགས་ཀྱི་ལས་གནས་སྔར་བས་མང་བ་གཏོད་དགོས་པ་དང་། གྲངས་འཛིན་རྩལ་ནུས་མཐོར་གཏོང་གི་ཆེད་དོན་གསོ་སྦྱོང་ལག་བསྟར་བྱས་ནས། གྲངས་འཛིན་དཔལ་འབྱོར་གྱི་འབྲེལ་ཡོད་ལས་རིགས་དེ་ལས་ཞུགས་རྩལ་ནུས་གསོ་སྦྱོང་དང་རྩལ་ནུས་མཐོ་བའི་ཤེས་ལྡན་པ་གསོ་སྦྱོང་གི་ཁ་གསབ་ཁྱབ་ཁོངས་སུ་འཇུག་པ་དང་སློབ་གསོ་ཆ་འཕྲིན་ཅན་གྱི་རྨང་གཞིའི་སྒྲིག་བཀོད་དང་གྲངས་འཛིན་ཤེས་ལྡན་པའི་སློབ་གསོའི་ཐོན་ཁུངས་འཛུགས་སྐྲུན་ལ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་སྟེ་གྲངས་འཛིན་ཤེས་ལྡན་པའི་གསོ་སྦྱོང་དཔེ་སྟོན་ལས་ཁུངས་འབོར་ཆེན་ཞིག་གཏོད་དགོས།
           《བསམ་འཆར་》ནང་བཏོན་དོན། ཞབས་ཞུའི་ཚད་གཞི་མགྱོགས་པོ་བཟོས་ནས་ཁྱིམ་ལས་ཞབས་ཞུ་དང་། རྒན་གསོ་ཞབས་ཞུའི་ལས་ཞུགས་མི་སྣ། འབྲེལ་ཡོད་ཁེ་ལས་ཀྱི་སྤྱི་ཚོགས་ཡིད་རྟོན་མ་ལག་བཅས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས་པ་དང་། “དྲ་སྦྲེལ+”ཁྱིམ་ལས་ཞབས་ཞུ་དང་རྒན་གསོ་ཞབས་ཞུ་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་སྣེ་ཁྲིད་ཁེ་ལས་འབོར་ཆེན་ཞིག་གསོ་སྐྱོང་བྱས་ནས་སྤུས་ཚད་མཐོ་བའི་ཁྱིམ་ལས་རྒན་གསོའི་ལས་ཞུགས་ལས་གནས་སྔར་བས་མང་བ་གཏོད་དགོས་པ། ལས་རིགས་སློབ་གླིང་དང་སློབ་གྲྭར(ལག་རྩལ་བཟོ་པའི་སློབ་གླིང་དང་སློབ་གྲྭ་ཚུད་པ)ཁྱིམ་ལས་ཞབས་ཞུ་དང་རྒན་གསོ་ཞབས་ཞུའི་འབྲེལ་ཡོད་ཆེད་ལས་བཀོད་སྒྲིག་བྱ་རྒྱུར་སྐུལ་ལྕག་བྱས་ནས་ཁྱིམ་ལས་ཞབས་ཞུ་དང་རྒན་གསོ་ཞབས་ཞུའི་ཤེས་ལྡན་པ་སྔར་བས་མང་བ་གསོ་སྦྱོང་བྱེད་དགོས་པ། ཁྱིམ་ལས་རྒན་གསོའི་ལས་ཞུགས་མི་སྣའི་ངལ་རྩོལ་མི་སྤྱོད་འབྲེལ་བ་ཚད་ལྡན་ཏུ་གཏོང་བ་དང་། ཁྲིམས་ལྟར་སྤྱི་ཚོགས་འགན་བཅོལ་ལ་ཞུགས་རྒྱུར་སྐུལ་འདེད་གཏོང་བ། ལས་ཞུགས་མི་སྣའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱེད་པ་བཅས་ཀྱི་ཐོག་ནས་འཚོ་བའི་རང་བཞིན་གྱི་ཞབས་ཞུའི་ལས་རིགས་ཀྱི་ལས་ཞུགས་ལས་གནས་སྔར་བས་མང་བ་གསར་སྤེལ་བྱེད་དགོས།
          《བསམ་འཆར་》ནང་བཏོན་དོན། ཞིང་ལས་གཉེར་སྐྱོང་གི་བྱེད་པོ་དང་ཆེད་ལས་ཞིང་པ་གསར་པའི་གསོ་སྐྱོང་འདུ་འགོད་ཕྱོགས་ཡོངས་ནས་ལག་བསྟར་བྱེད་འགོ་བཙུགས་ཏེ་ཞིང་ལས་གཉེར་སྐྱོང་བྱེད་པོའི་སྣེ་ཁྲིད་པའི་རེས་སྐོར་གསོ་སྦྱོང་དང་གྲོང་གསེབ་ཀྱི་གོ་ཆོད་ཤེས་ལྡན་སྣེ་ཁྲིད་པའི་གསོ་སྦྱོང་འཆར་གཞིར་སྐུལ་འདེད་གཏིང་ཟབ་གཏོང་དགོས་པ་དང་། ཞིང་ལས་ཐོན་རྫས་ལས་སྣོན་ལས་རིགས་ལེགས་སུ་གཏོང་བའི་བྱ་སྤྱོད་དང་གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་ལག་བསྟར་བྱེད་པ་དང་། ལས་སྣོན་གླིང་ཁུལ་འབོར་ཆེན་དང་གྲོང་གསེབ་ཀྱི་ཐོན་ལས་མཉམ་འདྲེས་ཀྱི་འཕེལ་རྒྱས་གླིང་ཁུལ་དང་སྣེ་ཁྲིད་ཁུལ་འབོར་ཆེན་ཞིག་བསྐྲུན་ནས་ཞིང་པ་ལས་ཞུགས་ཐུབ་པའི་ཁྲོམ་རའི་བྱེད་པོ་འཕེལ་རྒྱས་དང་སྟོབས་ཆེར་གཏོང་དགོས་པ། རིགས་ཁག་གི་ཁྲོམ་རའི་བྱེད་པོ་གསར་གཏོད་དང་འཕེལ་རྒྱས་ལ་སྐུལ་ལྕག་དང་རྒྱབ་སྐྱོར་བྱ་རྒྱུ་དེ་དྲ་སྦྲེལ་གྱི་ཞིང་ལས་ཐོན་ལས་བྱེད་སྟངས་གསར་པར་དམིགས་ནས། ཆེད་ལས་དུད་ཚང་ཆེ་མོ་དང་། ཁྱིམ་ཚང་ཞིང་ར། ཞིང་པའི་མཉམ་ལས་ཁང་། ཞིང་ལས་ཁེ་ལས་སོགས་ཞིང་ལས་གཉེར་སྐྱོང་བྱེད་སྟངས་གསར་པའི་བྱེད་པོ་གསོ་སྐྱོང་གང་མགྱོགས་བྱས་ཏེ་ཆེད་ལས་ཞིང་པའི་ལས་ཞུགས་གཞི་ཁྱོན་ཆེ་རུ་གཏོང་དགོས།
           《བསམ་འཆར་》ནང་བཏོན་དོན། ཕ་ཡུལ་དུ་ལོག་པ་དང་གཤམ་ལ་བསྐྱོད་ནས་ལས་གཏོད་བྱེད་མཁན་ལ་རྒྱབ་སྐྱོར་བྱས་ཏེ་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ལས་ཞུགས་གཞན་སྒྱུར་གྱི་ཐབས་ལམ་རྒྱ་ཆེར་གཏོང་དགོས་པ་དང་། གསར་སྤེལ་རང་བཞིན་དང་སྲིད་ཇུས་རང་བཞིན་གྱི་དངུལ་རྩའི་ལས་ཁུངས་ཀྱིས་ལས་སྒོའི་ཁྱབ་ཁོངས་ནང་གྲོང་གསེབ་ཀྱི“གཉིས་གཏོད”གླིང་ཁུལ(རྟེན་གཞི)དང་སྤྱི་པའི་ཞབས་ཞུའི་ལས་སྟེགས་སོགས་ཀྱི་རྣམ་གྲངས་ལ་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་བྱས་ཏེ་ཕ་ཡུལ་དུ་ལོག་པ་དང་གཤམ་ལ་སྐྱོད་མཁན་ཤེས་ལྡན་པའི་རྒྱུན་འཁོར་མ་དངུལ་དང་ཆ་འཕྲིན་སོགས་དེ་བས་མང་བར་སྔར་བཞིན་གཟིགས་སྐྱོང་བྱེད་པ་དང་། ཕ་ཡུལ་ལ་ལོག་ནས་ལས་གཏོད་བྱེད་པའི་ཁྱད་ལྡན་ཐོན་ལས་ཚོམ་བུ་གསོ་སྐྱོང་མགྱོགས་པོ་བྱེད་པ། ལས་ཞུགས་བསྡུ་ལེན་གྱི་ནུས་པ་ཆེ་བའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་ལུགས་མཐུན་ཁྲིད་སྟོན་ཐོན་ལས་ཀྱི་རིམ་པ་གཞན་སྒྱུར་དང་ཟུང་འབྲེལ་བྱེད་པ། རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐོག་ནས་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ཀྱི་ལས་ཞུགས་ལས་གཏོད་ཀྱི་བར་མཐོངས་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་དགོས།
      

    ཕྱོགས་བསྡུས་གསར་འགྱུར།