འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཀུའེ་ཀྲོའུ་ཡིས་གྲངས་གཞིའི་ཚན་རྩལ་གྱི་ཐབས་ལ་བརྟེན་ནས་རིག་དངོས་བདེ་འཇགས་ལ་
    སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་19ཉིན། 11:17】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀུའེ་ཀྲོའུ་ཞིང་ཆེན་སྲིད་གཞུང་གཞུང་དོན་ཁང་གིས་《རིག་དངོས་བདེ་འཇགས་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་》པར་འགྲེམས་བྱས་ནས་གྲངས་གཞིའི་ཚན་རྩལ་བེད་སྤྱོད་ལ་ཤུགས་སྣོན་བརྒྱབ་སྟེ་ཞིང་ཆེན་དེ་ཡོངས་ཀྱི་སྤོ་མི་རུང་བའི་རིག་དངོས་དང་རྟེན་རྫས་བཤམས་མཛོད་ཁང་དང་དྲན་གསོ་ཁང་སོགས་རིག་དངོས་གསོག་ཉར་ཚན་པའི་བདེ་འཇགས་དོ་དམ་ལས་དོན་ལ་སྐུལ་འདེད་བཏང་བ་རེད།
             བསམ་འཆར་ནང་བསྟན་དོན། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ལ་ཁོངས་གཏོགས་ས་ཆའི་རིག་དངོས་བདེ་འཇགས་དོ་དམ་གྱི་བྱེད་པོའི་འགན་འཁྲི་ལྡན་པས་རིག་དངོས་བདེ་འཇགས་ལས་དོན་དེ་ལོ་འཁོར་གྱི་ཕྱོགས་བསྡུས་དཔྱད་ཞིབ་གདེང་འཇོག་གི་དམིགས་ཚད་མ་ལག་ནང་འཇུག་པ་དང་འབྲེལ། དཔལ་འབྱོར་དང་། སྤྱི་ཚོགས་འཕེལ་རྒྱས། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་སོགས་ཀྱི་འཆར་འགོད་ནང་འཇུག་དགོས། རིག་དངོས་བདེ་འཇགས་དོ་དམ་བྱེད་པར་འགན་འཁུར་བ་ཁ་གསལ་བཟོ་བ་དང་བདེ་འཇགས་སྲུང་སྐྱོང་མི་སྣ་བཀོད་སྒྲིག་བྱས་ནས་འགན་འཁྲི་ལས་གནས་དང་མི་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་པ་མ་ཟད། དེའི་ནང་རིག་དངོས་བདེ་འཇགས་དོ་དམ་སྡེ་ཚན་ཡང་འཛུགས་དགོས། གལ་ཏེ་རིག་དངོས་བདེ་འཇགས་དོ་དམ་སྡེ་ཚན་འཛུགས་ཐབས་བྲལ་ཚེ་ཆེད་དོན་མི་སྣས་རིག་དངོས་བདེ་འཇགས་ཀྱི་ལས་འགན་འཁུར་དུ་འཇུག་དགོས།
           ཀུའེ་ཀྲོའུ་ཞིང་ཆེན་གྱིས་བསྟན་དོན། རིམ་ཁག་སྲིད་གཞུང་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱིས་ཚན་རྩལ་གསར་གཏོད་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་ལ་སྣང་ཆེན་བྱས་ནས་སྤོ་མི་རུང་བའི་རིག་དངོས་དང་རྟེན་རྫས་བཤམས་མཛོད་ཁང་དང་དྲན་གསོ་ཁང་སོགས་ཀྱི་བདེ་འཇགས་འགོག་ཟོན་དང་། མེ་ཟོན། ཐོག་འགོག་པ་སོགས་བདེ་འཇགས་སྲུང་སྐྱོང་གི་སྔོན་ཐོན་ལག་རྩལ་དང་སྒྲིག་ཆས་ཁྱབ་གདལ་གཏོང་དགོས། མེ་ཟོན་སྒྲིག་ཆས་དང་ལྡིར་སོ་སྤྲོས་ཆས་ཡོད་པའི་སྤོ་མི་རུང་བའི་རིག་དངོས་དང་རྟེན་རྫས་བཤམས་མཛོད་ཁང་དང་དྲན་གསོ་ཁང་སོགས་ཀྱིས་དེ་གའི་མེ་ཟོན་ཟོག་འབྲེལ་དྲ་བའི་ལྟ་ཞིབ་ཚད་ལྡན་ལས་སྟེགས་དང་སྦྲེལ་ནས་མེ་སྐྱོན་པར་རིས་དབྱེ་འབྱེད་དང་རིག་དངོས་མེ་ཟོན་བདེ་འཇགས་ཀྱི་མཉམ་འགོག་མཉམ་ཟོན་ལས་དོན་ལ་སྐུལ་འདེད་གཏོང་དགོས། བདེ་འཇགས་ཚན་རྩལ་གྱི་འགོག་ཟོན་མ་ལག་འབྲེལ་ཡོད་ཚད་གཞིའི་བླང་བྱ་དང་མ་འཚམ་ཚེ་སྤྱི་ཚོགས་ལ་སྒོ་ཕྱེ་མི་རུང་། 
      

    ཕྱོགས་བསྡུས་གསར་འགྱུར།