འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བའི་》ཀྲུང་ཨའི་ཀློག་པ་པོའི་འདུ་ཚོགས་
    ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏུ་གཉེར་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་19ཉིན། 11:11】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏུ་རྒྱལ་དོན་འཚམས་འདྲི་གནང་བའི་སྔ་ནུབ་ཏུ་《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བའི་》ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་ཀློག་པ་པོའི་འདུ་ཚོགས་དང་ཀྲུང་གོའི་དཔེ་དེབ་འགྲེམས་ཚོང་གཟའ་འཁོར་གྱི་བྱེད་སྒོ་ཚེས་15ཉིན་ཨབ་ཀྲ་པེར་གཉེར་བ་རེད། ཀྲུང་དབྱང་དྲིལ་བསྒྲགས་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་རྒྱལ་ཁབ་གློག་བརྙན་ཅུས་ཀྱི་ཅུས་ཀྲང་ཝང་ཞའོ་ཧུའེ་དང་། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བསྟུན་མཁས་པུའི་པུའུ་ཀྲང་ན་ཧ་ཡན། རྒྱལ་དོན་པུའུ་ཀྲང་དང་རྒྱལ་ཁབ་གསར་འགྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཅིག་ལྕོགས་སུར་ཐན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་རིག་གནས་དང་ཤེས་བྱ་འཕེལ་རྒྱས་པུའི་པུའུ་ཀྲང་ནུ་ལ། དེ་བཞིན་རྒྱལ་ཁབ་གཉིས་པོའི་སྲིད་ཕྱོགས་ལས་རིགས་དང་། རིག་གཞུང་ལས་རིགས། དཔེ་སྐྲུན་ལས་རིགས། གསར་འགྱུར་ལས་རིགས་བཅས་ཀྱི་མི་སྣ་ཁྱོན་200ལྷག་ཙམ་བྱེད་སྒོར་ཞུགས་ནས་《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》བཀླགས་པར་གཞིགས་ཏེ་གྲོས་བསྡུར་ཚ་ཚ་འུར་འུར་བྱས་ཡོད་པ་རེད།
            ཝང་ཞའོ་ཧུའེ་ཡིས་ཤིས་ཚིག་སྒྲོན་སྐབས། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ནི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་ཞིག་རེད། དེ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཤེས་རྟོགས་དང་ཁོང་དུ་ཆུད་པར་བྱེད་པའི་དབང་གྲགས་ལྡན་པའི་ཀློག་དེབ་ཅིག་རེད། གསུང་རྩོམ་གལ་ཆེན་འདིའི་ནང་མཚན་ཉིད་རིག་པ་དང་ལོ་རྒྱུས་ཀྱི་ཐད་ནས་ཀྲུང་གོ་གང་ནས་བྱུང་བ་དང་འཕེལ་རྒྱས་ཇི་ལྟར་ཡོང་མིན་གྱི་བརྗོད་གཞི་གལ་ཆེན་ལ་གསལ་འགྲེལ་གཏིང་ཟབ་བྱས་པ་དང་། དེང་དུས་ཀྲུང་གོར་འཕྲད་པའི་དོན་དངོས་གནད་དོན་སྣ་ཚོགས་ལ་ལན་བཏབ་ནས་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི་འདུ་ཤེས་དང་མཛད་ཇུས་གཅིག་སྡུད་མངོན་པར་བྱས་ཡོད། ད་དུང་མིའི་རིགས་ཀྱི་འབྱུང་འགྱུར་ལ་བསམ་གཞིག་གཏིང་ཟབ་བྱས་ཏེ་མིའི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་བརྒྱུད་རིམ་ལྡན་པའི་ངང་འཆད་འགྲེལ་བྱས་ཡོད། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་རྒྱལ་ཁབ་གཞན་དག་གི་གྲོགས་པོ་ཚོས་གསུང་རྩོམ་འདི་བཀླགས་པ་བརྒྱུད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཤེས་རྟོགས་དེ་བས་ལེགས་པ་ཐུབ་པ་དང་། དེང་རབས་ཀྲུང་གོར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བའི་གདིང་རྩའི་རྒྱུ་རྐྱེན་དེ་བས་ལེགས་པའི་ངང་ཤེས་རྟོགས་ཐུབ་རྒྱུའི་ཡིད་ཆེས་ཡོད་ཅེས་བརྗོད།
           ནུ་ལས་ཤིས་ཚིག་སྒྲོན་སྐབས། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བའི་》གསུང་རྩོམ་གྱིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཀློག་པ་པོས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་སྐྱོང་བར་བསམ་གཞིག་གཏིང་ཟབ་གནང་ལུགས་ཤེས་རྟོགས་ཡག་པོ་ཐུབ་ཡོད་ལ། ཀློག་པ་པོས་ཀྲུང་གོ་ཤེས་རྟོགས་དེ་བས་ལེགས་པ་ཐུབ་ནས་ཨ་ཀྲུང་རྒྱལ་ཁབ་གཉིས་པོའི་རིག་གནས་སྤེལ་རེས་དང་མཛའ་གྲོགས་འབྲེལ་བའི་ཆུ་ཚད་གསར་པར་སླེབས་རྒྱུར་སྐུལ་འདེད་ཀྱང་ཐུབ་ཡོད། རྒྱལ་ཁབ་གཉིས་པོས་བསམ་བློའི་རང་བཞིན་ལྡན་པའི་རྩོམ་ཡིག་འདི་འདྲ་དེ་བས་མང་བ་ཡིག་སྒྱུར་དང་དཔེ་སྐྲུན་བྱས་ནས་རིག་གནས་སྤེལ་རེས་ཀྱི་མཉམ་ལས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་དགོས་ཞེས་བརྗོད།
          ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཉི་ཅན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ལ་ལོ་རྒྱུས་རང་བཞིན་གྱི་འཚམས་འདྲི་གནང་རྒྱུ་ཡིན་པ་དེས་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ནང་དོན་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་ནས་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་འགྲོ་ངེས་རེད། ད་ཐེངས་ཀྱི་ཀློག་པ་པོའི་འདུ་ཚོགས་གཉེར་བའི་དམིགས་ཡུལ་ནི་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་མི་དམངས་ཀྱིས་དེང་རབས་ཀྲུང་གོ་ཤེས་རྟོགས་གཏིང་ཟབ་ཐུབ་རྒྱུར་གོ་སྐབས་གལ་ཆེན་མཁོ་འདོན་བྱས་པ་ཞིག་ཡིན་ལ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་གནང་ཉེར་ཡོད་པའི“དུང་བརྡ”གསལ་པོ་བཏང་བ་ཞིག་ཀྱང་རེད་ཅེས་བརྗོད།
          ཀྲུང་གོར་བཅའ་སྡོད་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་དེ་སྔའི་གཞུང་ཚབ་ཆེ་མོ་བ་ཨོ་མེར་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་ཀྲུང་གོས་མི་དམངས་ཀྱི་ཁེ་ཕན་ཨང་དང་པོར་བཞག་ནས་མི་དམངས་ཀྱི་དགོས་མཁོ་སྐོང་བ་དང་། གསར་གཏོད་ལ་སྐུལ་ལྕག ཚན་རྩལ་འཕེལ་རྒྱས་ལ་མཐོང་ཆེན་བཅས་བྱས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་དུང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུ་དང“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུའི་གྲོས་འགོ་བཏོན་གནང་ཡོད། ཀྲུང་གོ་འཕེལ་རྒྱས་ཡག་པོ་ཕྱིན་པ་དེས་ཀྲུང་གོ་དང་འཛམ་གླིང་ལ་དུས་གཅིག་ཏུ་ཕན་པ་འཐོབ་སྲིད་ཅེས་བརྗོད།
          ཨེ་ཅིབ་ཀྱི་དཔེ་སྐྲུན་ལས་རིགས་ཀྱི་མི་སྣ་ཨེ་ཧ་མ་ཏེས་གསུང་རྩོམ་འདི་ནི་ཀྲུང་གོས་རང་འགུལ་ངང་འཛམ་གླིང་དང་འབྲེལ་གཏུག་བྱེད་པའི་མཚོན་རྟགས་ཤིག་རེད། དེའི་ནང་དུས་སྐབས་ཤིག་རིང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོར་དོ་ཁུར་སྣ་ཚོགས་བྱས་པར་ལན་བཏབ་ཡོད་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོར་གནས་པའི་གོ་ནོར་ཁ་ཤས་སེལ་ཡོད། ཚང་མས་སེམས་ཁུར་བྱེད་པའི་གནད་དོན་མང་པོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་རྩོམ་འདིའི་ནང་གཞུང་དྲང་ལ་ཞིབ་ཕྲའི་ངང་རྒྱས་བཤད་གནང་ཡོད་ཅེས་བརྗོད།
           ད་ཐེངས་ཀྱི་བྱེད་སྒོ་དེ་ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་དང་། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་རིག་གནས་དང་ཤེས་བྱ་འཕེལ་རྒྱས་པུའུ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་། ཀྲུང་གོ་ཕྱི་ཡིག་ཅུས་བཅས་ཀྱིས་གཙོ་གཉེར་བྱས་པ་ཞིག་རེད། ཉེ་ཆར། ད་དུང་ཀྲུང་དབྱང་དྲིལ་བསྒྲགས་པུས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏུ་《ཀྲུང་གོའི་ཟློས་གར་ཁང་》སྟོན་འགོ་ཚུགས་པའི་མཛད་སྒོ་དང་། ཀྲུང་གོའི་གློག་བརྙན་གཟའ་འཁོར། “ཀྲུང་གོར་འཐམ་འཁྱུད་བྱེད་པ”ཞེས་པའི་སྒྱུ་རྩལ་ཆེད་འཁྲབ་སོགས་ཀྱི་སྨྱན་སྦྱོར་རིག་གནས་སྤེལ་རེས་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་གནང་རྒྱུར་རྣམ་པ་བཟང་པོ་བཏོད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།