འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཐན་ཙན་ནི་ཡར་ཉི་རེ་རེ་འགོ་ཁྲིད་ནུས་པའི་སློབ་གླིང་གི་རྩིག་རྨང་བཏིང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་19ཉིན། 11:07】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་16ཉིན། ཐན་ཙན་ནི་ཡའི་གསར་བརྗེ་ཏང་དང་། ལྷོ་ཨ་ཧྥེ་རི་ཁའི་ཨ་ཧྥེ་རི་ཁ་བའི་རྒྱལ་དམངས་ཚོགས་ཆེན། མོ་ཙམ་པི་ཁེ་བཅིངས་འགྲོལ་འཐབ་ཕྱོགས་ཏང་། ཨན་ཀོ་ལ་མི་དམངས་བཅིངས་འགྲོལ་ལས་འགུལ། ན་སྨི་པི་ཡ་མི་དམངས་རྩ་འཛུགས་ཏང་། ཙམ་པབ་ཝེའི་ཨ་ཧྥེ་རི་ཁ་མི་རིགས་མནའ་འབྲེལ—རྒྱལ་གཅེས་འཐབ་ཕྱོགས་ལྷོ་རྒྱུད་ཨ་ཧྥེ་རི་ཁའི་གཅེན་གཅུང་དྲུག་གི་ཏང་གིས་མཉམ་འབྲེལ་ཐོག་བསྐྲུན་པའི་ཉི་རེ་རེ་འགོ་ཁྲིད་ནུས་པའི་སློབ་གླིང་ཐན་ཙན་ནི་ཡ་རུ་རྩིག་རྨང་བཏིང་བ་དང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་སྤྲིངས་གནང་བ་རེད།
            ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའི་པུའུ་ཀྲང་སུང་ཐའོ་ཡིས་རྩིག་རྨང་འདིང་བའི་མཛད་སྒོའི་ཐོག་རྟེན་འབྲེལ་གློག་འཕྲིན་སྒྲོག་སྦྱངས་གནང་བ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་གློག་འཕྲིན་ནང་ཀྲུང་གོ་གུང་ཁྲན་ཏང་གིས་གཅེན་གཅུང་དྲུག་གི་ཏང་ཡག་པོ་འཛུགས་པ་དང་ཉི་རེ་རེ་འགོ་ཁྲིད་ནུས་པའི་སློབ་གླིང་ཡག་པོ་གཉེར་རྒྱུའི་སྨོན་འདུན་བཟང་པོ་གང་ལེགས་མངོན་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་གཅེན་གཅུང་དྲུག་གི་ཏང་ལ་བཅངས་པའི་མཛའ་གྲོགས་ཟབ་མོ་གང་ལེགས་མངོན་ཡོད་པས་ང་ཚོས་སྤེལ་རེས་ལ་སྔར་བས་ཤུགས་སྣོན་དང་། ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་རྒྱུར་ཁ་ཕྱོགས་གསལ་སྟོན་བྱས་པ་མ་ཟད། སྒུལ་ཤུགས་ཀྱང་བསྣན་ཡོད། འདི་ལོའི་ཟླ་9པར་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨ་ཧྥེ་རི་ཁའི་འགོ་ཁྲིད་མི་སྣ་ལྷན་འཛོམས་ཀྱིས་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་འཚོག་རྒྱུ་ཡིན་པ་དེས་དུས་རབས་གསར་པའི་ཀྲུང་ཧྥེའི་འབྲེལ་བ་འཕེལ་རྒྱས་ཐད་སྒུལ་ཤུགས་གསར་པ་སྣོན་རྒྱུ་རེད། ཀྲུང་གོ་གུང་ཁྲན་ཏང་གིས་གཅེན་གཅུང་དྲུག་གི་ཏང་དང་ཏང་སྐྱོང་རྒྱལ་སྐྱོང་གི་ཉམས་མྱོང་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་བཟུང་ནས་རྒྱལ་ཁབ་སོ་སོའི་རྒྱལ་བབ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་དེ་དེ་བས་ཟབ་པའི་ཀྲུང་ཧྥེའི་ལས་དབང་གཅིག་མཐུན་འདུས་གྲུབ་མཉམ་དུ་སྐྲུན་འདོད་ཡོད་ཅེས་བརྗོད།
           ལྷོ་རྒྱུད་ཨ་ཧྥེ་རི་ཁའི་གཅེན་གཅུང་དྲུག་གི་སྤྱི་ཁྱབ་ཧྲུའུ་ཅི་ལྷན་དུ་རྩིག་རྨང་འདིང་བའི་མཛད་སྒོར་ཞུགས་ནས་སོ་སོར་ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལཱ་མ་ཕུ་ས་དང་། མོ་ཙམ་པི་ཁེའི་ཙུང་ཐུང་ཉིའུ་ཤིས། ཨན་ཀོ་ལའི་ཙུང་ཐུང་ལོ་ལུན་སོ། ན་སྨི་པི་ཡའི་ཙུང་ཐུང་ཀེན་ཀེ་པུ། ཙམ་པབ་ཝེའི་ཙུང་ཐུང་མུ་ནན་ཅ་ཀུ་ཝ་བཅས་ཀྱི་རྟེན་འབྲེལ་གློག་འཕྲིན་སྒྲོག་སྦྱངས་གནང་བ་རེད།
           ཉི་རེ་རེ་འགོ་ཁྲིད་ནུས་པའི་སློབ་གླིང་ནི་ལྷོ་རྒྱུད་ཨ་ཧྥེ་རི་ཁའི་གཅེན་གཅུང་དྲུག་གི་ཏང་གི་མཉམ་འབྲེལ་གསོ་སྦྱོང་སྒྲིག་གཞི་ཞིག་རེད། སློབ་གླིང་དེ་ཏང་དྲུག་གིས་ཐུན་མོང་ཐོག་བཙུགས་པ་ཞིག་ཡིན་པ་དང་སུས་འཇོན་དེ་འགུག་བརྒྱུད་ཀྲུང་གོ་ཕྱོགས་ཀྱི་ཀུང་སིས་སྐྲུན་འགན་འཁུར་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།