འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།རི་པིན་གྱིས་ཡོ་རོབ་མནའ་འབྲེལ་དང་དཔལ་འབྱོར་ཚོང་དོན་དང་བདེ་འཇགས་སྲུང་སྐྱོང་གི་
    མཉམ་ལས་ལ་ཤུགས་སྣོན་བརྒྱབ་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་19ཉིན། 11:04】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་17ཉིན། རི་པིན་དང་ཡོ་རོབ་མནའ་འབྲེལ་གྱིས་ཐོ་ཁེའོ་རུ་དུས་བཀག་ལྟར་འགོ་གཙོའི་གྲོས་མོལ་བྱས་པ་དང་། ཕྱོགས་གཉིས་པོས་འབྲེལ་ཡོད་གྲོས་མཐུན་ལ་མིང་རྟགས་བཀོད་དེ་དཔལ་འབྱོར་ཚོང་དོན་དང་བདེ་འཇགས་སྲུང་སྐྱོང་སོགས་ཁྱབ་ཁོངས་མང་པོར་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་འབྲེལ་ཐུན་མོང་ཐོག་ཚོང་དོན་སྲུང་སྐྱོང་རིང་ལུགས་ལ་འགྲན་རྒོལ་བྱེད་སྲིད་ཅེས་བཤད། རི་པིན་གྱི་དབུ་ཞུགས་བློན་ཆེན་ཨན་པེ་ཅིན་སན་གྱིས་ཚེས་17ཉིན་དབུ་བཞུགས་བློན་ཆེན་གྱི་ལས་ཤག་ཏུ་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཐུ་སི་ཁེ་དང་དེ་བཞིན་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་རུང་ཁེ་དང་ཐུག་འཕྲད་བྱས་ཏེ་རི་པིན་དང་ཡོ་རོབ་མནའ་འབྲེལ་མཉམ་ལས་བྱེད་པ་དང་ཨ་རིའི་ཚོང་དོན་སྲུང་སྐྱོང་རིང་ལུགས་ལ་ཁ་གཏད་གཅོག་པ་དང་དེ་བཞིན་ཁྲའོ་ཞན་ཕྱེད་གླིང་གི་དུས་བབ་སོགས་ཀྱི་གནད་དོན་ལ་དམིགས་ནས་བསམ་འཆར་བརྗེ་རེས་བྱས་པ་རེད། ཕྱོགས་གཉིས་པོས་དཔལ་འབྱོར་ཚོང་དོན་མཉམ་ལས་དང་ཁྱབ་ཁོངས་ཁག་གི་སྤེལ་རེས་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་འབྲེལ་ཡོད་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད།
            ཕྱོགས་གཉིས་པོས་ཚོགས་འདུ་གྲོལ་རྗེས་མཉམ་འབྲེལ་གསལ་བསྒྲགས་སྤེལ་ནས་དཔལ་འབྱོར་ཚོང་དོན་དང་བདེ་འཇགས་སྲུང་སྐྱོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཐུན་མོང་ཐོག་ཚོང་དོན་སྲུང་སྐྱོང་རིང་ལུགས་ལ་འགྲན་རྒོལ་བྱ་རྒྱུ་ཡིན་ཞེས་བཤད་པ་དང་། ཕྱོགས་གཉིས་པོས་ད་དུང་དཔལ་འབྱོར་དང་ཚོང་དོན་སོགས་ཀྱི་རིམ་པ་མཐོ་བའི་གླེང་མོལ་ལམ་སྲོལ་འཕར་འཛུགས་བྱེད་པ་དང་འབྲེལ་འདི་ལོ་ཚོགས་འདུ་ཐེངས་དང་པོ་འཚོག་རྒྱུའི་མོས་མཐུན་ཡང་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།