འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱ་བོད་སྐད་གཉིས་ཀྱི་སྒུལ་འཕྲིན་ཉེར་སྤྱོད་སྒྲིག་རིམ་འཚོལ་སྡུད་དཔྱད་འདེམ་བྱ་འགུལ་
    པེ་ཅིང་དུ་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་18ཉིན། 15:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།རྒྱ་བོད་སྐད་གཉིས་ཀྱི་སྒུལ་འཕྲིན་ཉེར་སྤྱོད་སྒྲིག་རིམ་འཚོལ་སྡུད་དཔྱད་འདེམ་བྱ་འགུལ་
པེ་ཅིང་དུ་འགོ་ཚུགས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་17ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་དྲ་སྦྲེལ་ཆ་འཕྲིན་གཞུང་དོན་ཁང་གི་སྒུལ་འཕྲིན་དྲ་རྒྱ་དོ་དམ་ཅུས་དང་། སི་ཁྲོན་དྲ་རྒྱའི་ཆ་འཕྲིན་གཞུང་དོན་ཁང་། བོད་ལྗོངས་དྲ་རྒྱའི་ཆ་འཕྲིན་གཞུང་དོན་ཁང་བཅས་ཀྱིས་འགོ་ཁྲིད་གནང་ཞིང་། ཀྲུང་གོའི་དྲ་རྒྱའི་སྤྱི་ཚོགས་རྩ་འཛུགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་སྒྲུབ་བྱེད་པ་དང་། སི་ཁྲོན་མི་ཧོ་རིག་གནས་བརྒྱུད་བསྒྲགས་ཚད་ཡོད་ཀུང་སིས་རོགས་སྒྲུབ་བྱས་པའི་རྒྱ་བོད་སྐད་གཉིས་ཀྱི་སྒུལ་འཕྲིན་ཉེར་སྤྱོད་སྒྲིག་རིམ་འཚོལ་སྡུད་དཔྱད་འདེམས་བྱ་འགུལ་མི་དམངས་ཉིན་རེའི་ཚགས་པའི་ཐོག་ཁང་གསར་པའི་འཁྲབ་སྟོན་ཁང་དང་པོར་དངོས་སུ་འགོ་ཚུགས་པ་རེད།
         ཐེངས་འདིའི་དཔྱད་འདེམས་བྱ་འགུལ་གྱི་དམིགས་ཡུལ་ནི་གོམ་གང་མདུན་སྤོས་ངང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་དྲ་རྒྱ་དབུལ་སྐྱོར་ལས་དོན་གྱི་ཐབས་ཇུས་བཀོད་སྒྲིག་དང་། གྲངས་ཉུང་མི་རིགས་མང་ཚོགས་ཀྱིས་སྒུལ་འཕྲིན་མཐའ་སྣེ་དང་བརྡ་འཕྲིན་བེད་སྤྱོད་ལ་སྐད་བརྡའི་ཞབས་ཞུའི་གེགས་རྐྱེན་སེལ་བ་དེ་ཡིན། རྒྱལ་ཁབ་དྲ་སྦྲེལ་ཆ་འཕྲིན་གཞུང་དོན་ཁང་གི་སྒུལ་འཕྲིན་དྲ་རྒྱ་དོ་དམ་ཅུས་ཀྱི་ཅུས་ཀྲང་ཧྥང་ནན་དང་།  ཀྲུང་གོའི་དྲ་རྒྱའི་སྤྱི་ཚོགས་རྩ་འཛུགས་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀྲའོ་ཧུའེ་བྱ་འགུལ་ལ་ཞུགས་པར་མ་ཟད་ཤིས་ཚིག་ཕུལ་བ་རེད། 
         འགོ་ཚུགས་མཛད་སྒོའི་ཐོག་ཏུ། ཀྲུང་གོའི་གློག་འཕྲིན་ཐེན་དབྱིན་བར་སྟོང་ཚོང་ལས་ཀྱི་སྤྱི་ཁྱབ་ལྟ་ཞིབ་པ་ལི་ཏན་གྱིས་ཞིབ་དཔྱད་ཚོགས་པའི་རིགས་གཅིག་མཁས་དབང་གི་ཚབ་བྱས་ཏེ་གཏམ་བཤད་སྤེལ་བ་དང་། ཐེངས་འདིའི་བྱ་འགུལ་གྱི་དཔྱད་འདེམས་སྐོར་ཞིབ་ཕྲ་གསལ་བཤད་བྱས་པ་རེད། མི་ཧོ་རིག་གནས་བརྒྱུད་བསྒྲགས་ཚད་ཡོད་ཀུང་སིའི་གཙོ་གཉེར་པ་གཞོན་པ། "གདོང་དམར"རྒྱ་བོད་སྐད་རིགས་གཉིས་སྤྱོད་ཁྲོམ་རའི་འགན་འཁུར་བ་ཝང་ཆི། ཁོ་ཏ་ཤུན་ཧྥེའི་བོད་སྐད་རིག་ནུས་སྐད་གདངས་ཐོན་རྫས་ཀྱི་འགན་འཁུར་བ་དབྱང་ལི། མེ་ལོང་རྒྱ་བོད་སྐད་གཉིས་གློག་རྡུལ་ཚོང་ལས་སྤྱི་སྟེགས་ཀྱི་གསར་གཏོད་པ་བཀྲ་ཤིས་སེང་གེ་བཅས་ཀྱིས་གཙོ་དོན་གཏམ་བཤད་སྤེལ་བ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། རྒྱ་བོད་སྐད་གཉིས་ཀྱི་སྒུལ་འཕྲིན་ཉེར་སྤྱོད་སྒྲིག་རིམ་འཚོལ་སྡུད་དཔྱད་འདེམས་བྱ་འགུལ་2017ལོར་སྐབས་དང་པོ་སྤེལ་བ་ནས་བཟུང་། སྲིད་གཞུང་སྡེ་ཁག་དང་གསར་འགྱུར་སྨྱན་སྦྱོར། བཀོལ་སྤྱོད་སྒྲིག་རིམ་ཁྲོམ་ར་ལས་རིགས། དེ་བཞིན་མཐོ་སློབ་དགེ་སློབ་བཅས་ཀྱི་དོ་ཁུར་རྒྱ་ཆེ་བ་དང་རྒྱབ་སྐྱོར་ཆེན་པོ་ཐོབ། སྤྱི་ཚོགས་ཐོག་ཤུགས་རྐྱེན་ཉིན་རེར་བཞིན་ཇེ་ཆེ་དང་། བྱ་དགའ་ཐོབ་པའི་བརྩམས་ཆོས་ཁ་ཤས་བཀོལ་སྤྱོད་བྱེད་འགོ་བརྩམས་ཤིང་བོད་ཁུལ་མང་ཚོགས་ཀྱིས་བེད་སྤྱོད་བྱེད་པར་དགའ་ལ་སྤྱོད་བདེ་བའི་APPརུ་གྱུར་བ་རེད། ཐེངས་འདིའི་དཔྱད་འདེམས་ནི་བོད་ཁུལ་གྱི་རིག་གནས་དར་སྤེལ་དང་། རྒྱ་བོད་སྤེལ་རེས་ལ་ཤུགས་སྣོན་རྒྱག་པར་དམིགས་ནས། དངོས་སུ་སྤྱོད་བདེ་བ་གཙོར་བྱས་ཤིང་ལས་རིགས་ཀྱི་བཀོལ་སྤྱོད་ཀྱིས་ཁྲིད་ཕྱོགས་བྱེད་པའི་རྒྱ་བོད་སྐད་གཉིས་སྒུལ་འཕྲིན་ཉེར་སྤྱོད་སྒྲིག་རིམ་གྱི་བརྩམས་ཆོས་གང་མང་འཚོལ་སྡུད་བྱེད་པར་འབད་པ་བྱེད་རྒྱུ་དེ་ཡིན།
         འགོ་ཚུགས་མཛད་སྒོའི་ཐོག་ཏུ། རྒྱ་བོད་སྐད་གཉིས་སྒུལ་འཕྲིན་ཉེར་སྤྱོད་སྒྲིག་རིམ་འཚོལ་སྡུད་དཔྱད་འདེམ་བྱ་འགུལ་གྱི་མིང་ཐོ་འགོད་ལམ་དངོས་སུ་སྒོ་ཕྱེ་བ་དང་། དྲ་གྲོགས་ཚོས་དཔྱད་འདེམས་བྱ་འགུལ་གྱི་གཞུང་གི་དྲ་ཚིགས་ཐོག་ཏུ་མིང་ཐོ་འགོད་ཆོག་ཅིང་། བྱ་འགུལ་གྱི་ཞིབ་ཕྲའི་ནང་དོན་གསལ་པོ་ཤེས་རྟོགས་བྱ་ཆོག 
         གཞུང་གི་དྲ་ཚིགས། http://bm.gyhtk.cn/AppMatch/App/index
      

    ཕྱོགས་བསྡུས་གསར་འགྱུར།