འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།སློབ་གསོ་པུས་བུ་བཅོལ་ཁང"སློབ་ཆུང་ཅན"དུ་འགྱུར་བར་ཆེད་དོན་བཅོས་སྐྱོང་བྱེད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་18ཉིན། 15:03】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། ཉེ་ཆར། སློབ་གསོ་པུས་བརྡ་ཐོ་བཏང་ནས། བུ་བཅོལ་ཁང“སློབ་ཆུང་ཅན”དུ་འགྱུར་བར་ཆེད་དོན་བཅོས་སྐྱོང་ལས་དོན་སྤེལ་དགོས་པའི་བླང་བྱ་བཏོན་ཡོད། བརྡ་ཐོའི་ནང་བླང་བྱ་བཏོན་དོན། བུ་བཅོལ་ཁང་ནང་སྔོན་ལ་རྒྱ་སྐད་ཀྱི་སྒྲ་སྦྱོར་དང་ཡི་གེ་ངོས་འཛིན་སྟངས། རྩིས་རྒྱག་སྟངས། དབྱིན་ཡིག་སོགས་སློབ་ཆུང་སློབ་ཚན་གྱི་ནང་དོན་ལྡན་པར་མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས། བུ་བཅོལ་ཁང་གི་བྱིས་པར་སློབ་ཆུང་ནང་དོན་གྱི་ཁྱིམ་ཚང་ལས་བྱ་ལེགས་འགྲུབ་དང་། སློབ་ཆུང་ནང་དོན་དང་འབྲེལ་བའི་རྒྱུགས་སྤྲོད་ཞིབ་བཤེར་བྱེད་པར་མཐའ་གཅིག་ཏུ་ཡོ་བསྲང་བྱེད་དགོས། སྤྱི་ཚོགས་ཐོག་གི་གསོ་སྦྱོང་ལས་ཁུངས་ཀྱི་སློབ་ཞུགས་གོང་གི་འཛིན་གྲྭ་དང་བུ་བཅོལ་སོགས་ཀྱི་མིང་ཐོག་ནས་སློབ་ཆུང་གི་ནང་དོན་སྔོན་ལ་སློབ་མི་ཆོག་པ་བསྟན་ཡོད།
             ཉེ་བའི་ལོ་ཤས་རིང་། བུ་བཅོལ་ཁང་ཁ་ཤས་ཀྱིས་བྱིས་པའི་ལུས་སེམས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་ཤེས་ཚོར་གྱི་ཁྱད་ཆོས་དང་རྒྱབ་འགལ་བྱས་ཏེ། སློབ་ཆུང་གི་ནང་དོན་སྔོན་ལ་སློབ་པ་དང་། ཤེས་བྱ་དང་རྩལ་ནུས་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་བཏང་ནས“སློབ་ཆུང་ཅན”དུ་འགྱུར་ཚབས་ཆེ་ཙམ་ཡོད་པས། དེས་བྱིས་པའི་ཆུང་དུས་ཀྱི་བག་ཕེབས་སྐྱིད་སྣང་འཕྲོག་ཡོད་ལ། དེ་བས་བྱིས་པའི་སློབ་སྦྱོང་གི་སྤྲོ་སྣང་ལ་ཕོག་ཐུག་བཏང་ནས། ལུས་སེམས་སྐྱོན་བྲལ་ངང་འཚར་ལོངས་ལ་ཤུགས་རྐྱེན་ཐེབས་ཡོད། བརྡ་ཐོའི་ནང་བླང་བྱ་བཏོན་དོན། “སློབ་ཆུང་ཅན”གྱི་སློབ་གསོའི་ཐབས་ལམ་ལ་ཡོ་བསྲང་དང་། “སློབ་ཆུང་ཅན”གྱི་སློབ་གསོའི་ཁོར་ཡུག་ལ་བཅོས་སྒྲིག་བྱེད་དགོས་པ། ལས་གནས་འཚམ་མཐུན་རང་བཞིན་གྱི་ཚད་ལྡན་གསོ་སྦྱོང་བྱེད་པ་བརྒྱུད་བུ་བཅོལ་ཁང་གི་དགེ་རྒན་གྱི་ཚན་རིག་དང་མཐུན་པའི་འཕྲོད་སྦྱོར་སློབ་གསོ་གཏོང་ནུས་ཆེ་རུ་གཏོང་དགོས་པ། སློབ་ཆུང་ནས་འགོ་ཚུགས་ས་གསར་པའི་སློབ་ཁྲིད་བྱེད་སྟངས་རྒྱུན་འཁྱོངས་དང་། སློབ་ཆུང་འགོ་ཚུགས་པའི་ལོ་རིམ་དུ་རྒྱལ་ཁབ་ཀྱི་སློབ་ཚན་གཏན་འབེབས་ལྟར་འགོ་ཚུགས་ས་གསར་པའི་སློབ་ཁྲིད་མི་བྱེད་པར། སློབ་ཁྲིད་ཚོགས་དུས་ཉུང་འཕྲི་དང་། སྔོན་དུ་བརྒལ་བ་དང་ཚད་ལས་བརྒལ་བའི་སློབ་ཁྲིད། དེ་བཞིན་སློབ་མ་བསྡུ་དུས་བྱིས་པར་སློབ་ཆུང་ནང་དོན་གྱི་ཤེས་བྱའི་ཚོད་རྒྱུགས་སམ། འབྲེལ་ཡོད་འགྲན་བསྡུར་གྱི་གྲུབ་འབྲས་དང་དེ་བཞིན་དཔང་ཡིག་ནི་སློབ་མ་བསྡུ་བའི་གཞི་འཛིན་སར་བྱེད་པར་མཐའ་གཅིག་ཏུ་ཡོ་བསྲང་བྱེད་དགོས་པར་མ་ཟད། གནས་ཚུལ་དངོས་ལ་གཞིགས་ཏེ་སློབ་སྤྱི་དང་འབྲེལ་ཡོད་དགེ་རྒན་གྱི་འགན་འཁྲི་བདའ་འདེད་དང་། སློབ་གཉེར་ཚད་ལྡན་གྱི་ཡིད་རྟོན་ཟིན་ཐོའི་ནང་འགོད་རྒྱུ་ཡིན།
      

    ཕྱོགས་བསྡུས་གསར་འགྱུར།