འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ས་གཙང་ཐོན་རྫས"ནོར་བུ་གཞིས་ཀ"ཡིས་གནད་སྨིན་དབུལ་སྐྱོར་ལ་ཕན་པ་འདོན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་18ཉིན། 14:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ས་གཙང་ཐོན་རྫས'ནོར་བུ་གཞིས་ཀ'ཡིས་གནད་སྨིན་དབུལ་སྐྱོར་ལ་ཕན་པ་འདོན་པ།
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་17ཉིན། བོད་ལྗོངས་ལྷ་སའི་ས་གཙང་ཐོན་རྫས་"ནོར་བུ་གཞིས་ཀ"རྟགས་ཅན་གྱི་འབྲིའི་འོ་མའི་ཐོན་རྫས་རབ་དང་རིམ་པ། ཚེས་16ཉིན་ལྷ་ས་ཀྲེ་ཀྲའོ་ས་གཙང་ཐོན་ལས་གླིང་དུ་ཐོན་སྐྱེད་བྱས་པ་དང་། ཐོན་རྫས་ནི་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་འབྲིའི་འོ་མས་བཟོས་པའི་འཁྱགས་པ་བྱི་རིལ་དང་། ཞོ། འོ་མ་བྱི་རིལ་སོགས་ཡིན་ཞིང་། དེ་དག་འཁྱགས་གཏོང་བྱས་ནས་ནང་སར་དབོར་ཏེ་བཙོང་བཞིན་ཡོད་པ་རེད།
        ཤེས་རྟོགས་བྱུང་བར་གཞིགས་ན། "ནོར་བུ་གཞིས་ཀ"རྟགས་ཅན་གྱི་ཐོན་རྫས་རབ་དང་རིམ་པའི་ཡོང་ཁུངས་ནི་བོད་ལྗོངས་ཀྱི་ཞིང་འབྲོག་པ་ཚོས་གསོ་པའི་ནོར་གནག་ལས་བྱུང་བ་ཡིན་ཞིང་། སྔོན་བརྩིས་བྱས་ན། ལོ་རེར་འོ་མ་སོས་པ་ཏུན་200ལྷག་ཉོ་སྒྲུབ་བྱེད་ཀྱི་ཡོད་པ་དང་། ཁེ་ལས་ཀྱིས་"ཁེ་ལས་+འབྲོག་རྭ་+འབྲོག་པ་"བྱ་ཐབས་སྤྱད་ནས། ཕན་ནུས་ལྡན་པའི་ངང་ཞིང་འབྲོག་མང་ཚོགས་ལ་ཡོང་འབབ་བསགས་ཏེ་། གནད་སྨིན་དབུལ་སྐྱོར་ལ་རོགས་རམ་བྱས་པས་། དབུལ་སྒྲོལ་གྱི་འབྲས་བུ་སྲ་ཞིང་བརྟན་པ་ཞིག་ཡོང་བ་བྱས་པ་རེད།
    ༄༅།།ས་གཙང་ཐོན་རྫས'ནོར་བུ་གཞིས་ཀ'ཡིས་གནད་སྨིན་དབུལ་སྐྱོར་ལ་ཕན་པ་འདོན་པ།
      

    ཕྱོགས་བསྡུས་གསར་འགྱུར།