འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཀུའེ་ཀྲོའུ་ཡི་ཆེད་ལས་སྨན་བཅོས་ལས་གྲུབ་པའི་རོགས་སྐྱོབ་ཐད་འཕུར་གནམ་གྲུ་ཐོག་མ་སྤྱོད་གྲབས་ཡོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་18ཉིན། 12:09】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།ཀུའེ་ཀྲོའུ་ཡི་ཆེད་ལས་སྨན་བཅོས་ལས་གྲུབ་པའི་རོགས་སྐྱོབ་ཐད་འཕུར་གནམ་གྲུ་ཐོག་མ་སྤྱོད་གྲབས་ཡོད་པ།
            མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་17ཉིན། ཀུའེ་ཀྲོའུ་ཞིང་ཆེན་གྱི་ཆེད་ལས་སྨན་བཅོས་ལས་གྲུབ་པའི་རོགས་སྐྱོབ་ཐད་འཕུར་གནམ་གྲུ་ཐོག་མ་ཀུའེ་དབྱང་གྲོང་ཁྱེར་མི་དམངས་སྨན་ཁང་གཉིས་པར་སྨན་བཅོས་རོགས་སྐྱོབ་བྱེད་སྐབས་ཀྱི་སྤྱོད་སྟངས་གསོ་སྦྱོང་བྱས་ཤིང་། སྨན་པ་དང་སྨན་གཡོག  གནམ་གྲུའི་ཐོག་གི་ལས་དོན་མི་སྣ་བཅས་ལ་འཕྲོད་ཤུགས་སྦྱོང་བརྡར་བྱས་པ་བརྒྱུད་གནམ་གྲུ་འདི་དངོས་སུ་བེད་སྤྱོད་བྱ་རྒྱུ་ཡིན་པ་རེད།
             ཤེས་རྟོགས་བྱུང་བར་གཞིགས་ན། རོགས་སྐྱོབ་ཐད་འཕུར་གནམ་གྲུ་དེ་ནི་དབྱི་ཐ་ལིའི་ལའེ་ཨའོ་ན་ཏོ་ཀུང་སིས་ཐོན་སྐྱེད་བྱས་པའི་AW119Kxརྟགས་ཅན་གྱི་ཁེར་ཐོན་ཐད་འཕུར་གནམ་གྲུ་ཡིན་ཅིང་། གནམ་གྲུའི་ནང་འབྱིན་རྔུབ་འཕྲུལ་ཆས་དང་། འཇིབ་འདྲེན་འཕྲུལ་ཆས། འདར་སེལ་ལྟ་སྲུང་བྱེད་ཆས། སྨན་ཁབ་རྒྱག་ཆས་སོགས་མྱུར་སྐྱོབ་སྒྲིག་ཆས་ཡོད། རོགས་སྐྱོབ་ཐད་འཕུར་གནམ་གྲུ་དེས་སྨན་ཁང་དུ་མ་སླེབས་གོང་གི་མྱུར་སྐྱོབ་དང་། སྨན་བཅོས་སྤོ་སྒྱུར། དབང་པོ་སྐྱེལ་འདྲེན། སྨན་བཅོས་རིགས་གཅིག་མཁས་ཅན་སྐྱེལ་འདྲེན། དམིགས་བསལ་སྨན་བཅོས་མྱུར་སྐྱོབ་སྒྲིག་ཆས་དང་སྨན་རྫས་དབོར་སྐྱེལ་སོགས་ཛ་དྲག་ཆེ་བའི་སྨན་བཅོས་དང་འཕྲལ་བསྟུན་རོགས་སྐྱོབ་སོགས་ཀྱི་ཞབས་འདེགས་མཁོ་འདོན་ཐུབ་ཀྱི་ཡོད།
    【1】  【2】  【3】  【4】
    ༄༅།།ཀུའེ་ཀྲོའུ་ཡི་ཆེད་ལས་སྨན་བཅོས་ལས་གྲུབ་པའི་རོགས་སྐྱོབ་ཐད་འཕུར་གནམ་གྲུ་ཐོག་མ་སྤྱོད་གྲབས་ཡོད་པ།
      

    ཕྱོགས་བསྡུས་གསར་འགྱུར།