འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།གཙང་གསུམ་ཆུ་འགོའི་སྲམ་བྲུན་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་ལྟོ་ཆས་ཡག་པོར་
    གྱུར་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་18ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཤེས་རྟོགས་བྱུང་བར་གཞིགས་ན། 2017ལོའི་ཟླ་བཅུ་གཉིས་པའི་ཚུན་དུ། པེ་ཅིང་རི་ཆུ་རང་བྱུང་སྲུང་སྐྱོང་ལྟེ་གནས་ཀྱིས་སྐྱེ་རྒུ་མདོ་གྲོང་རྡལ་མཐའ་འཁོར་གྱི་བྲག་ཆུ་དང་འབའ་ཆུའི་རྒྱུད་དུ་དམར་ཕྱིའི་པར་ཆས་19བསྒར་བ་དེ་དག་གིས་མིག་སྔའི་བར་ཡོ་རོབ་དང་ཨེ་ཤེ་ཡའི་ཆུ་སྲམ་གྱི་བརྙན་པར་1200ལྷག་བརྒྱབ་ཡོད་པ་ལས། ས་ཁུལ་དེ་དག་ཆུ་སྲམ་གྱི་གནས་ཡུལ་གཏན་འཁེལ་ཞིག་ཏུ་གྱུར་པ་མཚོན་པ་དང་། ཞིབ་འཇུག་མི་སྣས་བརྙན་པར་དཔྱད་གཞིར་ལེགས་སྒྲིག་དབྱེ་ཞིབ་བྱས་རྗེས་ཤ་བ་མཆུ་དཀར་དང་། ནོར། རི་ཞིམ་སོགས་བདག་ཏུ་མ་བཟུང་བའི་སྲོག་ཆགས་དེ་གར་བསྐྱོད་ནས་སྲམ་བྲུན་ཟ་བཞིན་ཡོད་པ་ཤེས་རྟོགས་བྱུང་བ་རེད།
         “སྲམ་བྲུན་ཁ་ཤས་ཆུ་དཀྱིལ་གྱི་ཕ་བོང་སྟེང་ངམ་ཡང་ན་བྲག་ཁུང་དུ་ཡོད་ཀྱང་། བདག་ཏུ་མ་བཟུང་བའི་སྲོག་ཆགས་མི་ཉུང་བ་ཞིག་གིས‘ལམ་བར་གྱི་དཀའ་ངལ’ལ་མ་འཛེམས་པར་ཆེད་དུ་སྲམ་བྲུན་བཙལ་ནས་ཟ་ཡི་འདུག”ཅེས་གཙང་གསུམ་ཆུ་འགོར་ཆུ་སྲམ་ཞིབ་འཇུག་ལས་དོན་ལ་གཞོལ་བཞིན་པའི་པེ་ཅིང་རི་ཆུ་ཁོར་ཡུག་སྲུང་སྐྱོང་ལྟེ་བའི་ལས་དོན་མི་སྣ་ཧན་ཞུའེ་སུང་གིས་ངོ་སྤྲོད་བྱས།
        གཙང་གསུམ་ཆུ་འགོའི་རྣམ་གྲངས་ཀྱི་འགན་འཁུར་བ་ཀྲའོ་ཞང་གིས། དེ་སྔོན་གྱི་ཞིབ་འཇུག་བྱས་འབྲས་ལས། རི་ཞིམ་དང་། ཝ་དམར། སྲེ་མོང་སོགས་བདག་ཏུ་མ་བཟུང་བའི་སྐམ་སའི་སྲོག་ཆགས་ཀྱིས་ཆུ་སྲམ་གྱི་བརྔོན་པའི་ཉ་སོགས་རྐུ་ཡི་ཡོད་པ་ནི་ཁོང་ཚོས་ལྟོ་ཆས་དང་ཚྭ་ཐོབ་པར་བྱེད་པའི་ཐབས་ལམ་སླ་ཤོས་དེ་ཡིན་པ་ཤེས་རྟོགས་བྱུང་བ་བཞིན། སྲམ་བྲུན་ཟ་བའི་དམིགས་ཡུལ་ཡང་དེ་དང་འདྲ་སྲིད་མོད། ཡིན་ན་ཡང་ཞིབ་ཕྲའི་རྒྱུ་མཚན་དེ་སྲམ་བྲུན་ལ་ལྟ་ཞིབ་ཚད་ལེན་དང་དབྱེ་ཞིབ་ཡག་པོ་བྱས་རྗེས་གཞི་ནས་ཁ་གསལ་ཡོང་གི་རེད་ཅེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།